མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ལས་བྱེད་པ870སྡོད་ཁུལ་དུ་སོང་ནས་རོགས་སྐྱོར་བྱ་འགུལ་སྤེལ་བ།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།  2013-10-09 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་དམངས་སྲིད་ཐིན་གཉིས་ཀྱིས་མཉམ་དུ་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྡོད་ཁུལ་དུ་སོང་ནས་རོགས་སྐྱོར་བྱ་འགུལ་སྤེལ་བའི་སྐོར་གྱི་ལག་བསྟར་ཇུས་གཞི་བཏོན་ནས། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་སྡོད་ཁུལ་དུ་སོང་ནས་རོགས་སྐྱོར་བྱ་འགུལ་སྤེལ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས།

ཇུས་གཞིའི་བཀོད་སྒྲིག་ལྟར་ན། ཞིང་ཆེན་ཡོངས་ནས་ལས་བྱེད་པ870བསྐོང་འཐེན་བྱས་ནས། ཟི་ལིང་གྲོང་ཁྱེར་གྱི་ཁུལ་བཞི་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཉིས་ལས་གཞན་ད་དུང་སྡོད་ཁུལ290བཅའ་སྡོད་བྱས་ཏེ། དུས་ཡུན་ཟླ3རིང་གི་རོགས་སྐྱོར་བྱ་འགུལ་སྤེལ་རྒྱུ་རེད།

ཇུས་གཞིའི་ཁྲོད་དུ། ལས་བྱེད་པ་སྡོད་ཁུལ་དུ་སོང་ནས་རོགས་སྐྱོར་བྱ་འགུལ་སྤེལ་བའི་ལས་འགན་གཙོ་བོ་གཏན་ཁེལ་གསལ་བོར་བྱས་ཡོད་དེ། དེ་ནི་སྡོད་ཁུལ་འཛུགས་སྐྲུན་གྱི་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་སྒྲོག་དང་། སྡོད་ཁུལ་འཛུགས་སྐྲུན་ཐད་ཀྱི་དཀའ་ཁག་ལ་ཞིབ་བཤེར་རྒྱུས་ལོན་དང་མཐུན་སྦྱོར་ཐག་གཅོད་བྱེད་པ། དཀའ་ཁག་ཆེ་བའི་མང་ཚོགས་དང་ཉམ་ཆུང་མི་ཚོགས་ལ་རོགས་རམ་བྱས་ནས་དཀའ་ངལ་ཐག་གཅོད་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་གནོད་པ་བྱེད་པའི་འབུར་ཐོན་གནད་དོན་ལ་ཞིབ་བཤེར་དང་ཐག་གཅོད་བྱེད་པ། གནས་སྦྲེལ་ནས་མཉམ་འཛུགས་དང་ཁ་གཏད་རོགས་སྐྱོར་བྱ་འགུལ་སྤེལ་བར་སྐུལ་འདེད་བྱེད་པ། གཞི་རིམ་རྩ་འཛུགས་ཀྱི་སྒྲིག་ཆས་འཐུས་ཚང་དུ་གཏོང་བར་མཛུབ་སྟོན་བྱེད་པ། ཧུར་ཐག་གིས་དོ་དམ་ཞིབ་མོ་བྱས་ནས། སྡོད་ཁུལ་གྱི་དོ་དམ་ཞབས་ཞུ་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དེ་རེད།

ཇུས་གཞི་ལས་སྡོད་ཁུལ་དུ་སྡོད་པའི་ལས་བྱེད་པས་བྱ་བའི་སྤྱོད་ཚུལ་བསྒྱུར་ནས། དམངས་དོན་རྩིས་ཐོ་དང་དམངས་ལ་ཞབས་ཞུ་སྒྲུབ་པའི་བྱང་བུ། དམངས་དོན་འབྲེལ་གཏུག་བྱང་བུ་བཙུགས་ཏེ། སྡོད་ཁུལ་དུ་ཉུང་མཐར་ཡང་ཉིན60རིང་གི་ལས་ཀ་སྒྲུབ་དགོས་པ་དང་། བྱ་འགུལ་གྱི་ཕན་ནུས་ཇེ་མཐོར་བཏང་ནས། བྱ་བའི་ཚན་ཆུང་གིས་སྡོད་ཁུལ་ལ་ཉུང་མཐར་ཡང་དོན་དངོས་གཅིག་སྒྲུབ་དགོས་ལ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་བཅས་ཀྱིས་ཉུང་མཐར་ཡང་ལས་བྱེད་པ་སྡོད་ཁུལ་དུ་སོང་ནས་བྱ་བ་སྒྲུབ་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་ཐེངས་གཅིག་བྱེད་དགོས་པའི་རེ་བ་བཏོན། དེ་དང་མཉམ་དུ། བྱ་འགུལ་སྤེལ་བའི་སྐབས་སུ་དུས་ཚོད་ལྟར་ལྟ་སྐུལ་ཞིབ་བཤེར་དང་། དཔེ་མཚོན་བརྡ་ཁྱབ་ཚོགས་འདུ་དང་གྲོས་མོལ་ཚོགས་འདུ་བསྡུ་བ་སོགས་ཀྱི་བྱ་འགུལ་སྤེལ་ནས། བྱ་འགུལ་དེ་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག