མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་ས་འགུལ་གནོད་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་བཅོས་བཟོ་སྐྲུན་ཕྱོགས་ཡོངས་ནས་འགྲུབ་པ།

རྩོམ་པ་པོ། ལོ་ཙཱ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-09 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་གསུམ་གྱི་རིང་ལ་ཡུལ་ཤུལ་ས་འགུལ་གནོད་ཁུལ་གྱི་ས་གཤིས་གནོད་འཚེ་འགོག་བཅོས་བཟོ་སྐྲུན་དེ་ཟླ9བར་ཕྱོགས་ཡོངས་ནས་འགྲུབ་པ་མ་ཟད་བདེ་བླག་ངང་ཚོད་ལྟ་ཚད་ལེན་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ7པར་ཡུལ་ཤུལ་རྫོང་སྐྱེ་རྒུ་གྲོང་རྡལ་དང་དེའི་མཐའ་འཁོར་ས་ཁུལ་ལ་འཕྲོ་རིམ་འཕྲོར་དྲག་ཆར་བབས་ཤིང་། ནང་སྒོས་སུ་ཟླ7པའི་ཚེས6ཉིན་གྱི་དགོང་མོ་དང་ཚེས7ཉིན་གྱི་ཉིན་གུང་བར་དུ་སྐྱེ་རྒུ་གྲོང་རྡལ་ནས་ལོ་ངོ་སུམ་ཅུའི་རིང་ལ་བྱུང་མ་མྱོང་བའི་དྲག་ཆར་ཆེན་པོ་བབས་ནས་གཏོར་བརླག་རང་བཞིན་གྱི་ཆུ་ལོག་བཞུར་ནའང་། ས་གཤིས་གནོད་འཚེ་འགོག་བཅོས་བཟོ་སྐྲུན་གྱི་ཆུ་རགས་གསུམ་པོས་ནུས་པ་ཐོན་ཡོད་པས། ས་དེར་མི་སྣ་ཤི་རྨས་དང་དཔལ་འབྱོར་གྱི་གྱོང་གུད་ཐེབས་པའི་གནས་ཚུལ་བྱུང་མེད། ཡིན་ནའང་ཆུ་ལོག་བརྒྱུགས་པའི་ཚུན་ལ་ཆུ་རྐ་བཅུ་བདུན་ནས་ཆུ་ལོག་བཞུར་ཏེ་ཉམས་མྱོང་ཆེན་པོ་ཐོབ་ཏུ་བཅུག།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག