མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཟློས་གར«གཙོད»དང«རེབ་གོང་གི་མཚར་ཉམས»གཉིས་ཝུན་ཧྭ་བྱ་དགའི་འགྲན་རྩོད་ལ་ཞུགས་རྒྱུ་རེད།

རྩོམ་པ་པོ། ལོ་ཙཱ་བ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།  2013-10-09 10:40

ཀྲུང་གོའིོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ10བའི་ཚེས8ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ10བའི་ཚེས11ཉིན། རྒྱལ་ཁབ་རིག་གནས་པུའུ་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་བསྒྲུབ་རྒྱུ་ཡིན་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་བ་དེ་ཅི་ནན་གྲོང་ཁྱེར་ནས་བསྡུ་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་བྱིས་པའི་ཅིན་ཅུས་ཟློས་གར«གཙོད»དང་མི་རིགས་གླུ་གར«རེབ་གོང་གི་མཚར་ཉམས»གཉིས་འགྲེམ་སྟོན་འཁྲབ་སྟོན་ལ་ཞུགས་རྒྱུ་ཡིན་པར་མ་ཟད། སྐབས་བཅུ་བཞི་བའི་ཝུན་ཧྭ་བྱ་དགའི་འགྲན་རྩོད་ལ་ཞུགས་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཟློས་གར་ཚོགས་པ་དང་ཀྲེ་ཅང་ཞིང་ཆེན་ཅིན་ཅུས་ཟློས་གར་ཚོགས་པས་མཉམ་དུ་རྩོམ་སྒྲིག་བྱས་པའི་ཅིན་ཅུས་ཟློས་གར«གཙོད»ཀྱིས་མཐོ་སྒང་གི་རི་དྭགས་གཙོད་བརྗོད་བྱར་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དེ་བརྗོད་དོན་གཙོ་བོར་བྱས་ཡོད་ལ། སྔ་གཞུག་ཏུ་མཚོ་སྔོན་དང་ཀྲེ་ཅང་། པེ་ཅིན། ཧྲང་ཧའེ་སོགས་ས་ཁུལ་ནས་སྐོར་སྐྱོད་འཁྲབ་སྟོན་བྱས་ནས། རྒྱལ་ཁབ་ཀྱི་གར་སྟེགས་སྒྱ་རྩལ་བཟང་བོའི་བཟོ་སྐྲུན་གྱི་དངུལ་གཏོང་རོགས་སྐྱོར་ཟློས་གར་གྱི་རྣམ་གྲངས་གཙོ་བོ་དང་སྐབས་གཉིས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཟློས་གར་མཉམ་འཁྲབ་ཀྱི་གསེར་གྱི་རྟགས་མ། སྐབས་ལྔ་བའི་ཅིན་ཅུས་ཟློས་གར་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་ཨང་གཉིས་པ་སོགས་བླངས་མྱོང་། «རེབ་གོང་གི་མཚར་ཉམས»ཞེས་པ་ནི་རེབ་གོང་རིག་གནས་ནང་དོན་གཙོ་བོར་བྱས་པའི་གླུ་གར་ཞིག་ཡིན་པ་དང་། དེས་དོན་དངོས་དང་གར་སྟེགས་སྒྱུ་རྩལ་གྱི་བྱེད་ཐབས་ཀྱིས་རེབ་གོང་རིག་གནས་ཁྱབ་ཁོངས་ཀྱི་རང་བྱུང་དང་། ལོ་རྒྱུས། སྤྱི་ཚོགས་ཀྱི་སྒྱུ་རྩལ་ཐོན་ཁུངས་དེ་མངོན་པར་བྱས་ཡོད། གླུ་གར་དེར་རྒྱལ་ཁབ་གར་སྟེགས་སྒྱུ་རྩལ་བཟང་བོའི་བཟོ་སྐྲུན་གྱི་དངུལ་གཏོང་རོགས་སྐྱོར་གྱི་ཟློས་གར་རྣམ་གྲངས་དང་། སྐབས་བཞི་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་མཉམ་འཁྲབ་ཀྱི་ཟློས་གར་རྣམ་གྲངས་ཀྱི་གསེར་གྱི་བྱ་དགའ་སོགས་ཀྱི་བྱ་དགའ་ཐོབ་མྱོང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག