མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་གྲོང་ཁྱེར་གྱིས་མཁའ་དབུགས་དང་བཙོག་ཆུ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཡར་སྐུལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ལོ་ཙཱ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-09 10:40

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་གྲོང་ཁྱེར་གྱིས་ཚེས8ཉིན་མཁའ་དབུགས་དང་བཙོག་ཆུ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་ཡར་སྐུལ་ཚོགས་འདུ་བསྡུས། གྲོས་ཚོགས་ནས་དེང་སྐབས་དང་གོ་རིམ་རྗེས་མའི་ཟི་ལིང་གྲོང་ཁྱེར་གྱི་མཁའ་དབུགས་དང་བཙོག་ཆུ་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་བཀོད་སྒྲིག་བྱས། ཟི་ལིང་གྲོང་ཁྱེར་མགོ་ཁྲིད་ཚན་ཁག་ཆེན་པོ་བཞིའི་འགན་ཁུར་བ་གཙོ་བོ་དང་གཙོ་གཉེར་མགོ་ཁྲིད་པ་དང་། ཞིང་ཆེན་སྤྱི་བདེ་ཐིན་དང་། ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན། ཞིང་ཆེན་མཁར་གྲོང་སྡོད་ཁང་འཛུགས་སྐྲུན་ཐིན། ཞིང་ཆེན་འགྲིམ་འགྲིལ་ཐིན་བཅས་ཀྱི་འགན་ཁུར་བ་དང་། ཟི་ལིང་གྲོང་ཁྱེར་གྱི་ས་ཁུལ་སོ་སོ་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཅས་ཀྱི་འགན་ཁུར་བ་གཙོ་བོ། ལས་གཞི་གལ་ཆེན་འཛུགས་སྐྲུན་ལས་ཁུངས་ཀྱི་འཐུས་མི་དང་། ཞང་དང་གྲོང་རྡལ་གྱི་སྲང་ལམ་དང་ཞིང་སྡེ་སྡོད་ཁུལ་བཅས་ཀྱི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་མའོ་ཞོ་པེན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

མའོ་ཞོ་པེན་གྱིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྦགས་བཙོག་བཅོས་སྐྱོང་བྱེད་པ་དེ་སྤྱོད་སྟངས་བསྒྱུར་བ་དང་དོན་དངོས་དམ་འཛིན་བྱེད་པའི་ཐད་དུ་དངོས་འབེབ་བྱས་ནས། སྒྲིག་ཁྲིམས་ནན་མོ་སྲུང་དགོས་པ་དང་། འགན་ཁུར་དང་ཕན་འབྲས་ཞིབ་འདྲི་བྱེད་པ། སྔར་ལས་ནུས་པ་ལྡན་ཞིང་། ཕན་འབྲས་ལྡན་པའི་བྱེད་ཐབས་སྤྱད་དེ་སྦགས་བཙོག་བཅོས་སྐྱོང་བྱ་བ་སྤེལ་དགོས་ལ། གྲོང་ཁྱེར་རིམ་པའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་འགན་ནན་དུ་ཁུར་བ་དང་། རྣམ་འགྱུར་ནན་མོ་འཛིན་པ། བྱེད་ཐབས་དྲག་པོ་སྤྱོད་པ་བཅས་བྱས་ཏེ་གནས་པའི་གནད་དོན་ཆེན་པོ་ཐག་གཅོད་པར་ལྟ་སྐུལ་དང་། རྗེས་སྙེག་ནས་བཅོས་སྐྱོང་བྱས་ནས། ལམ་ལུགས་དང་དཔྱད་ཞིབ། སྒྲིག་སྲོལ་བཅས་ཀྱི་ཐད་ནས་མྱུར་དུ་སྔར་ལས་བཟང་བའི་ཕན་འབྲས་ཅན་གྱི་དོ་དམ་སྒྲིག་སྲོལ་འཛུགས་དགོས་པའི་རེ་བ་བཏོན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག