མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དཔའ་ལུང་རྫོང་གིས་མ་དངུལ་སྒོར་མོ་བྱེ་བ་གསུམ་བཏང་ནས་རྫོང་མཁར་གྱི་བགྲོད་ལམ་བསྒྱུར་བཀོད་བྱེད་བཞིན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་འགྲིམ་འགྲུལ་སྡེ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་འགྲིམ་འགྲུལ་ཐིན་གྱིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་དང་ཟུང་དུ་སྦྲེལ་ནས། དཔའ་ལུང་རྫོང་གིས་ཤུགས་ཆེན་པོས་རྫོང་མཁར་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་བར་རྒྱབ་སྐྱོར་བྱས་ཤིང་། རེབ་འདིའི་རྫོང་མཁར་གྱི་བགྲོད་ལམ་སྟེང་དུ་སྣུམ་ནག་གཏོང་བའི་བཟོ་སྐྲུན་འཆར་གཞིར་སྤྱིའི་མ་དངུལ་སྒོར་མོ་བྱེ་བ་གསུམ་བཏང་།

རེབ་འདིའི་བསྒྱུར་བཀོད་བཟོ་སྐྲུན་གཙོ་བོ་ནི་རྫོང་མཁར་གྱི་བགྲོད་ལམ་འཛུགས་སྐྲུན་དང་། བྱང་སྐོར་ལམ་དང་། ཤར་ནུབ་སྲང་ལམ་ཆེན་མོ། སྨན་ཁང་ལམ་དང་། ནགས་ལས་ལམ་དང་དེ་མིན་ཀ་མདོ་གྲོང་རྡལ་བགྲོད་ལམ་སོགས་ཀྱི་ལམ་ཞིག་གསོ་བྱེད་པ་དང་། སྣུམ་ནག་གཏོང་བའི་བཟོ་སྐྲུན་སྤེལ་རྒྱུ་ཡིན་ལ། ལས་གཞི་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་བཅུ་ལྷག་ཡོད་པ་དང་། ལས་གཞི་དེར་ཞིང་ཆེན་དངུལ་བསྡུ་གཞུང་ལམ་དོ་དམ་ཁང་གིས་མཚོ་ཤར་གཞུང་ལམ་བཟོ་སྐྲུན་འཛུགས་སྐྲུན་ཀུང་ཟིར་མངག་བཅོལ་བྱས་ནས་ལག་བསྟར་རྩ་འཛུགས་བྱེད་བཞིན་པ་དང་སྣུམ་ནག་གཏོང་བའི་བཟོ་སྐྲུན་ཐད་ལ་འཕྲུལ་ཆས་སུམ་ཅུ་ལྷག་བཀོལ་སྤྱོད་བྱེད་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་དེ་ད་ལོའི་ཟླ་བཅུ་བའི་ཟླ་དཀྱིལ་དུ་ཚང་མ་ཡོངས་འགྲུབ་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག