མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བ་སྟོང་ལྷག་སྐྱེད་སྲིང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས«མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བ་སྟོང་ལྷག་སྐྱེད་སྲིང་བྱེད་པའི་བཟོ་སྐྲུན་ལག་བསྟར་བསམ་འཆར»གཏན་འཁེལ་བྱས་ནས། འཕེལ་རྒྱས་ཀྱི་སྦས་ཤུགས་དང་ཁྱད་ཆོས་ལྡན་པའི་ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བ་སྟོང་ལྷག་གཙོ་བོར་བཟུང་སྟེ་སྐྱེད་སྲིང་བྱེད་རྒྱུ་དང་། ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བའི་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་རྒྱུ་ཡིན་པར་མ་ཟད། 2015ལོའི་བར་དུ་ཁེ་ལས་སྟོང་ལྷག་གི་གཙོ་གཉེར་ཐོན་ལས་ཀྱི་ལོ་ཧྲིལ་བོའི་ཡོང་སྒོ་ཆ་སྙོམས་སྒོས་བརྒྱ་ཆའི་ཉི་ཤུར་བསླེབ་པར་འབད་འཐབ་བྱེད་རྒྱུ་རེད།

«ལག་བསྟར་བསམ་འཆར»ལས་ནོར་སྲིད་རོགས་སྐྱོར་དང་དངུལ་བསྡུ་འགན་ལེན། ཤེས་ལྡན་མི་སྣ་སྐྱེད་སྲིང་། ཁོར་ཡུག་ལེགས་བཅོས། འགན་འཁྲི་དཔྱད་ཞིབ་སོགས་ཕྱོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་དང་གཏན་འཁེལ་བྱས་པར་མ་ཟད། ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བས་དངུལ་བསྡུ་བྱེད་པར་སྐུལ་མ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བའི་འཕེལ་རྒྱས་ཐེབས་རྩ་འཛུགས་པ། ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བས་ལས་སྒུག་མི་སྣ་བསྡུ་ལེན་བྱེད་པར་ཡར་སྐུལ་གཏོང་བ། ཁེ་ལས་འབྲིང་ཆུང་དང་ཁེ་ལས་ཆེས་ཆུང་བ་སྐྱེད་སྲིང་བྱེད་པའི་བཟོ་སྐྲུན་ལག་བསྟར་བྱེད་པ་སོགས་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་ཁ་ཤས་གཏན་ལ་ཕབ། དེའི་དམིགས་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ཆོས་དང་ཁྱད་སྟོབས་ཐོན་ལས་ཆེན་པོ་བཅུ་དང་འཁོར་སྐྱོད་དཔལ་འབྱོར་ཐོན་ལས་ལ་རྐང་བཙུགས་ཏེ། ཁེ་ལས་ཀྱིས་ལས་གཞི་འཛུགས་སྐྲུན་དང་ལག་རྩལ་གསར་སྐྲུན། རིམ་པ་བསྒྱུར་བཀོད་བཅས་བྱེད་པར་རོགས་སྐྱོར་དང་སྐུལ་མ་གཏོང་རྒྱུ་དེ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག