མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་རྩྭ་སར་སྔོ་ཚོད་འདེབས་པའི་བཟོ་སྐྲུན་སྤེལ་བའི་འཆར་གཞི་གཏན་ལ་ཕབ་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:25

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཐུན་ཏེ་རྫོང་གི་རྩྭ་སར་སྔོ་ཚོད་འདེབས་པའི་བཟོ་སྐྲུན་སྤེལ་བའི་འཆར་གཞི་གཏན་ལ་ཕབ་པ་དང་། འཆར་གཞི་འཐེན་ནས་སྣེ་ཁྲིད་པ་དང་། ཐོན་ལས་ཀྱིས་སྐུལ་ཁྲིད་བྱེད་པ། ལས་གཞིས་འདེགས་སྐྱོར་བྱེད་པ་དང་། སྲིད་ཇུས་ཆ་ཚང་ཡིན་པ་བཅས་ཀྱི་བྱེད་ཐབས་རབས་དང་རིམ་པ་སྤྱད་དེ། ཧུར་ཐག་གིས་རྩྭ་སར་སྔོ་ཚོད་འདེབས་པའི་བཟོ་སྐྲུན་ལག་བསྟར་བྱས།

རྩྭ་སར་སྔོ་ཚོད་འདེབས་པའི་བཟོ་སྐྲུན་ཕན་འབྲས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་ཆེད། ཐུན་ཏེ་རྫོང་གི་ནམ་ཟླ་བལྟས་བཅོས་ཀྱིས་ཅུང་བཟང་བའི་རྨ་ཆུའི་འགྲམ་རྒྱུད་ཀྱི་ས་ཁུལ་ནས་ཞིང་ལས་ཚན་རྩལ་ལྟ་སྐོར་དཔེ་སྟོན་ས་ཁུལ་བསྐྲུན་ཏེ་ཉི་འོད་ནུས་པའི་དྲོད་ཁང་སོ་དྲུག་བཙུགས་ནས། རྒུན་འབྲུམ་སོགས་སིལ་སྡོང་སྣ་ཚོགས་སྟོང་གཉིས་དང་སུམ་བརྒྱ་ལྷག་བཙུགས། འབའ་ཆུ་དང་། གསེར་ཆེན། རྐ་རྒན་སོགས་ཀྱི་ནམ་ཟླ་ཅུང་བཟང་ལ་ས་ཆུ་འཛོམས་པའི་ཆ་རྐྱེན་ལ་བརྟེན་ནས་ཞིང་ལས་ཀྱི་ཉི་འོད་ནུས་པའི་དྲོད་ཁང་སུམ་བརྒྱ་དང་བདུན་ཅུ་བཙུགས་པ་དང་། སྔོ་ཚོད་སྣ་ཁ་དྲུག་བརྒྱ་དང་ཉི་ཤུ་ལྷག་བཏབས་པ་མ་ཟད། བོད་ཕག་དང་། རི་བོང་། བྱ་མུ་ཏིག་སོགས་གསོས་ཤིང་། ཁྱིམ་བྱ་དང་ཕྱུགས་ཟོག་སྣ་ཚོགས་འདེབས་ས་ང་ལྔ་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་པ་དང་། ཞོར་དུ་ད་རུང་ཐུན་ཏེ་རྫོང་གིས་རྒྱུད་བཟང་འབྲི་མོ་གསོ་སྤེལ་བྱེད་པའི་དཔེ་སྟོན་བྱེད་ས་བཙུགས་ནས། རྒྱུད་བཟང་ཕྱུགས་ཟོག་སྣ་ཚོགས་དགུ་བརྒྱ་དང་སུམ་ཅུ་ནང་འདྲེན་བྱས་པ་དང་། ལོ་རེར་སྐམས་ལུག་འབུམ་གཅིག་དང་སྟོང་བཞི་ཡན་ཆད་ལ་ཤ་ཤེད་འབུད་དུ་བཅུག་ནས། ཚད་གཞི་ཅན་གྱི་བཤས་ར་གཉིས་ལས་ཤིང་། ལོ་རེར་སྐམས་ལུག་གི་ཤ་ཏུན་གྱ་ལྔ་ཡན་ཆད་འདོན་སྤྲོད་བྱེད་ཐུབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག