མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཏུའུ་ལན་རྫོང་གིས་ནགས་ལས་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་བླངས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-08 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཏུའུ་ལན་རྫོང་གིས་བྱང་གསུམ་འགོག་སྲུང་མ་ལག་འཛུགས་སྐྲུན་དང་རྨོ་སྐྱུར་ནགས་སྐྲུན་རྩྭ་འདེབས་བཟོ་སྐྲུན་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཕན་འབྲས་ཁ་གསབ་ནང་རྐྱེན་དངོས་འབེབས་བྱས་པས། གནོད་ཐེབས་སྐྱེ་དངོས་ལ་ཚན་རིག་དང་མཐུན་པར་འགོག་བཅོས་བྱས་པ་དང་ནགས་ཚལ་གྱི་འཁེབ་ཚད་རིམ་བཞིན་ཇེ་ཆེར་སོང་ཞིང་། ཞིང་སྡེ་གསར་བའི་ལྗང་སྒྱུར་ལས་གཞི་ལག་བསྟར་བྱས་ནས་རྫོང་ཡོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་ནས་ཉམས་དགའ་བའི་གྲུབ་འབྲས་བཟང་བོ་བླངས།

ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་བཅུ་གསུམ་ལོའི་བར་དུ་ཏུའུ་ལན་རྫོང་གིས་ལག་བསྟར་བྱེད་པའི་བྱང་གསུམ་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་བཟོ་སྐྲུན་ནང་དུ་ནགས་ཚལ་སྤྱི་ཆིངས་སྟོང་གཉིས་དང་བདུན་བརྒྱ་ལྷག་ཡོངས་འགྲུབ་བྱས་པ་དང་རི་བཀག་ནགས་གསོ་སྤྱི་ཆིངས་སྟོང་གཅིག་ལྷག་བྱས། ད་ལོའི་ཟླ་བརྒྱད་པར་ཞིང་ཆེན་དང་ཁུལ་རིམ་པ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིབ་བཤེར་བྱས་རྗེས་ཆ་སྙོམས་ཀྱི་གསོན་ཚད་བརྒྱ་ཆའི་དོན་གསུམ་ལ་བསླེབས། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། རི་བཀག་ནགས་སྐྲུན་ཟུང་འབྲེལ་བྱས་ནས་བསྡོམས་པས་རྨོ་སྐྱུར་ནགས་སྐྲུན་རྩྭ་འདེབས་ལས་འགན་མུའུ་ཁྲི་གཅིག་དང་སྟོང་དྲུག་ཡོངས་འགྲུབ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག