མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞོན་ཧྭ་རྫོང་གིས་ཞིང་ལས་སྒྲིག་ཆས་ལས་གཞི་ཐད་ལ་མ་དངུལ་སྒོར་ཁྲི670བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-08 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་ཞིང་ལས་སྡེ་ཁག་གིས་ད་ལོའི་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་བཏང་བའི་ཉི་འོད་ནུས་པའི་དྲོད་ཁང1000འཛུགས་སྐྲུནབྱེད་པའི་ལས་གཞི་ལེགས་པོར་སྒྲུབ་ཆེད། ཞོན་ཧྭ་རྫོང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ལག་རྩལ་དང་མ་དངུལ། འཛུགས་སྐྲུན་གྱི་འགག་སྒོ་གཙིགས་སུ་བཟུང་སྟེ། དྲོད་ཁང་འཛུགས་སྐྲུན་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱས།

རྫོང་ཞིང་ལས་ཚན་རྩལ་ཅུའུ་ཡིས་ཞོན་ཧྭ་རྫོང་གི་ཉི་འོད་ཆ་རྐྱེན་དང་འཛུགས་སྐྲུན་ས་ཚིགས་སོ་སོའི་ས་བབ་ལ་གཞིགས་ཏེ། ལག་རྩལ་གྱི་འགག་སྒོ་གཙིགས་སུ་བཟུང་ནས་དྲོད་ཁང་འཛུགས་སྐྲུན་གྱི་ཇུས་འགོད་དང་ལག་རྩལ་གཞི་གྲངས་བཟོས་པ་དང་། ཆེད་སྤྱོད་མ་དངུལ་གྱི་བྱེད་ནུས་ཆེས་ཆེར་འདོན་པར་ཁག་ཐེག་བྱེད་ཆེད་དྲོད་ཁང་གི་ཁ་གསབ་རྩིས་སྤྲོད་བྱེད་ཐབས་བཟོས་པ་མ་ཟད། ནན་ཏན་སྒོས་བྱེད་ཐབས་ལྟར་ལས་གཞིའི་མ་དངུལ་རྩིས་སྤྲོད་བྱས། རྫོང་ཞིང་ལས་ཚན་རྩལ་ཅུའུ་ཚོད་སླེ་གཞུང་སྒྲུབ་ཁང་དང་འཛུགས་སྐྲུན་ཁྱིམ་ཚང་སོ་སོས་འཛུགས་སྐྲུན་གན་རྒྱ་བཞག་པ་དང་། ཆེད་ལས་ལག་རྩལ་མི་སྣ་དྲོད་ཁང་འཛུགས་སྐྲུན་ཡུལ་དངོས་སུ་ཕྱིན་ནས་མཛུབ་སྟོན་བྱས་ཏེ་འཛུགས་སྐྲུན་ཁྱབ་ཚུལ་གཅིག་གྱུར་བྱས་ཤིང་། ཇུས་བཀོད་པར་རིས་ལྟར་བཟོ་སྐྲུན་བྱས་ནས་འཛུགས་སྐྲུན་ལས་གཞིའི་བཟོ་འགོད་སྤུས་ཚད་ལ་ཁག་ཐེག་བྱས།

མིག་སྔར། ཞོན་ཧྭ་རྫོང་གི་དྲོད་ཁང་འཛུགས་སྐྲུན་ལས་གཞི་དེ་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ་སླེབས་ཡོད་ལ། སྤྱི་ཟླ8པའི་ཟླ་མཇུག་བར་དུ་དྲོད་ཁང་འཛུགས་སྐྲུན་ས་ཚིགས10རུ་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད། མིག་སྔར་མ་དངུལ་སྒོར་ཁྲི670དངོས་འབེབས་བྱས་ཤིང་། དེའི་ནང་ཞིང་ཆེན་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི200དང་ས་གནས་རང་གིས་མ་དངུལ་སྒོར་ཁྲི420ཧྲག་བསྡུ་བྱས་ཡོད། ཚོད་དཔག་ལྟར་ན་སྤྱི་ཟླ10བའི་ཟླ་མཇུག་བར་དུ་ལས་གཞིའི་སྒྲོམ་གཞིའི70%ལེགས་འགྲུབ་བྱེད་ཐུབ་ལ། འཛུགས་སྐྲུན་ས་ཚིགས་ཁ་ཤས་ཤིག་ད་ལོར་འཛུགས་སྐྲུན་ལེགས་འགྲུབ་བྱེད་ཐུབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག