མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་གྲོང་ཁྱེར་གྱི་ནོར་སྲིད་ཀྱིས་ཞིང་ལས་རོགས་སྐྱོར་ཐད་ལ་མ་དངུལ་སྒོར་དུང་ཕྱུར5.4དངོས་འབེབས་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-10-08 10:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་སྐྱེལ་འདྲེན་འགྲོ་གྲོན་ཇེ་ཉུང་དང་། སོན་བཟང་ཁ་གསབ་དང་ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་དངོས་འབེབས་སོགས་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ། བསྡོམས་པས་ནོར་སྲིད་ཀྱིས་ཞིང་ལས་རོགས་སྐྱོར་ལ་མ་དངུལ་སྒོར་ཁྲི54239.41དངོས་འབེབས་བྱས་ལ། དུས་མཉམ་ལས23%འཕར་བ་དང་། ཁྱད་ལྡན་འདེབས་འཛུགས་ལས་རིགས་དང་ཞིང་ལས་ཁུལ་གྱི་ཕྱུགས་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་བཏང་།

རྒྱུས་ལོན་པ་ལྟར་ན། ད་ལོར། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ལས་ལོ་ཏོག་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི334.24ལ་སླེབས་པ་དང་སྔོན་དཔག་བྱས་པའི་འབྲུ་རིགས་སྤྱིའི་ཐོན་འབབ་ཏུན་ཁྲི63.31དང་སྣུམ་རིགས་ཀྱི་སྤྱིའི་ཐོན་འབབ་ཏུན་ཁྲི12.6ལ་སླེབས་ཡོད། ཞིང་ལས་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་གང་ལེགས་བྱས་ཏེ་ཞིང་ལས་རྒྱུ་ཆ་རྒྱུན་ལྡན་ངང་མཁོ་འདོན་དང་དཔྱིད་འདེབས་ཐོན་སྐྱེད་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱེད་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་ཞིང་ལས་རྒྱུ་ཆའི་ཁ་གསབ་མ་དངུལ་དེ་མུའུ་རེར་སྒོར29.8ནས་སྒོར44.8ལ་ཇེ་མཐོར་བཏང་ཞིང་། འབྲུ་རིགས་ཐད་ཀར་ཁ་གསབ་དེ་མུའུ་རེར་སྒོར15.2ནས་སྒོར30.2ཇེ་མཐོར་བཏང་། མཁོ་སྤྲོད་སྡེ་ཁག་གིས་སིལ་འཚོང་ཁང་འཛུགས་སོགས་ཀྱི་རྣམ་པས་རིགས་སོ་སོའི་ལུད་རྫས་ཏུན52638མཁོ་སྤྲོད་བྱས། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་ཁྲི3285བཏང་ནས་ཞིང་ལས་འཕྲུལ་ཆས9877ཉོ་བར་ཁ་གསབ་བྱས་པས། འཕྲུལ་ཆས་ཅན་གྱི་ཆུ་ཚད་སོ་སོར57.99%དང40.66%ལ་སླེབས་ཡོད། དུས་མཚུངས་སུ། ལས་གཞིའི་མ་དངུལ་གྱི་རོགས་སྐྱོར་བྱེད་ནུས་མུ་མཐུད་དུ་ཇེ་ཆེར་བཏང་ཞིང་། ད་ལོར་བསྡོམས་པས་ཞིང་ཕྱུགས་ལས་ཀྱི་གཙོ་གནད་ལས་གཞི9གཏན་འཁེལ་བྱས་ལ། ལས་གཞིའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར10.9ལ་སླེབས་པ་དང་འཆར་བཀོད་མ་དངུལ་སྒོར་དུང་ཕྱུར5.54ལ་སླེབས་ཡོད། མིག་སྔའི་བར་དུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར4.83བཏང་ཡོད་ལ། ལས་གཞི་ཚང་མ་འཛུགས་སྐྲུན་བྱེད་མགོ་བརྩམས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག