མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཙང་གསུམ་འབྱུང་ཡུལ་གྱི་རང་བྱུང་སྐྱེ་དངོས་རིན་ཐང་སྒོར་ཐེར་འབུམ1དང་དུང་ཕྱུར1ལ་སླེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་ནས་ཤེས་གསལ་ལྟར་ན། ད་ལོའི་ཚུན་ལ་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་ཐན་འགྱུར་ནུས་པ་མུ་མཐུད་དུ་ཇེ་མཐོར་སོང་བ་དང་བསྟུན་ནས། སྐྱེ་ཁམས་རིན་ཐང་སྒོར་ཐེར་འབུམ1དང་དུང་ཕྱུར1ལ་སླེབས།

ཤེས་གསལ་ལྟར་ན། ཐན་འགྱུར་ནི་ཚགས་ཚལ་དང་མཚེའུ། རྩྭ་ཐང་སོགས་ཀྱི་མཁའ་དབུག་ཁྲོད་གཙང་སེལ་དང་གསོག་ཉར་བྱས་པའི་དབྱང་གཉིས་ཐན་འགྱུར་གྱི་ནུས་པ་ཡིན། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཞའོ་ནན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། རྟོག་དཔྱོད་བྱས་པ་བརྒྱུད། ཕྱུགས་བསྐྱུར་རྩྭ་འདེབས་བཟོ་སྐྲུན་ལག་བསྟར་བྱས་ནས་ལོ་བཅུའི་རིང་དང་སྐྱེ་ཁམས་རྩྭ་སའི་བྱ་དགའ་སྟེར་བའི་བཟོ་སྐྲུན་ལག་བསྟར་བྱས་ནས་ལོ་གཉིས་ཀྱི་རིང་ལ། གཙང་གསུམ་འབྱུང་ཡུལ་གྱི་སྤང་ཤུན་གྱི་ཁེབས་ཚད་བརྒྱ་ཆའི་བཞི་བཅུ་ནས་ལྔ་བཅུ་བར་ཡིན། སྐྱེ་ཁམས་འཁོར་ཡུག་བཟང་ལ་སྐྱེ་དངོས་སྣ་མང་གི་བརྒྱུད་ཁོངས་ཆ་ཚང་བ་ནི་ཐན་འགྱུར་གྱི་རྨང་གཞི་ཡིན། གཙང་གསུམ་འབྱུང་ཡུལ་གྱི་སྤང་ཤུན་ཁེབས་ཚད་ཇེ་ཆེར་སོང་བ་དང་བསྟུན་ནས་ཐན་འགྱུར་གྱི་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད། ལོ་གཅིག་གི་ཐན་འགྱུར་སྤྱིའི་ཐོན་ཚད་ཏུན་དུང་ཕྱུར1.15ལ་བསླེབ་ཡོད་པ་དང་། སྐྱེ་ཁམས་རིན་ཐང་སྒོར་ཐེར་འབུམ1དང་དུང་ཕྱུར1ལ་བསླེབ་ཡོད།

གཙང་གསུམ་འབྱུང་ཡུལ་ནི་རང་རྒྱལ་དང་ཨེ་ཤ་ཡའི་སྐྱེ་ཁམས་འགོག་སྒྲིབ་དང་ཆུའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན། གཙང་གསུམ་འབྱུང་ཡུལ་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་མ་བཙུགས་པའི་སྔོན་ལ། ས་ཆུ་ཤོར་བ་སོགས་རྒྱུ་རྐྱེན་གྱིས་ཐན་འགྱུར་གྱི་ནུས་པར་དུས་རྒྱུན་གཏོར་བརླག་ཐེབས་ཀྱིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག