མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྱི་ཕན་གློག་བརྙན་གྱིས་རོང་འབྲོག་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་གློག་བརྙན་ཀུང་ཟིས་རོང་འབྲོག་ཁུལ་དུ་སྤྱི་ཕན་གློག་བརྙན་གཏོང་བའི་བྱ་བར་ཤུགས་བསྣན་ནས། སྤྱི་ཟླ9བའི་ཚེས30ཉིན། ཞིང་ཆེན་ཡོངས་སུ་བསྡོམས་པའི་ཞིང་སྡེའི་སྤྱི་ཕན་གློག་བརྙན42800བསྟན་པ་དང་། གློག་བརྙན་ལ་བལྟ་བའི་མི་གྲངས་ས་ཡ3.87ལྷག་ཏུ་སླེབས་ནས། ལོ་ཧྲིལ་བོའི་གློག་བརྙན་བསྟན་པའི་ལས་འགན་གྱི85%ཡོངས་འགྲུབ་བྱས། གློག་བརྙན་བསྟན་པའི་བྱ་བར་ཤུགས་བསྣན་པ་དེས། རོང་འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བར་འགན་སྲུང་བཟང་བོ་འདོན་སྤྲོད་བྱས།

སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་དང་རོང་འབྲོག་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཡར་སྐུལ་བྱེད་ཆེད། གློག་བརྙན་ཀུང་ཟིས་གློག་བརྙན་སྟོན་པའི་གོ་རིམ་ལ་འོས་མཐུན་གྱིས་བཀོད་སྒྲིག་བྱས་པ་དང་། དུས་ལྟར་གློག་བརྙན་སྟོན་པའི་འཆར་གཞི་ལེགས་སྒྲིག་བྱས་ནས། རོང་འབྲོག་པ་མང་ཚོགས་ཀྱིས་གློག་བརྙན་ལ་བལྟ་དཀའ་བ་དང་། མི་རིགས་ཀྱིས་གློག་བརྙན་ལྷག་པར་བལྟ་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་དང་། དུས་ལྟར་གློག་བརྙན་སྟོན་པའི་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་པ་དང་། གློག་བརྙན་སྟོན་པའི་རྒྱུ་སྤུས་ཇེ་མཐོར་གཏོང་ཆེད། ཞིང་ཆེན་ཅིན་ཆའོ་རོང་འབྲོག་ཁུལ་གྲངས་ལྡན་གློག་བརྙན་ཚད་ཡོད་ཀུང་ཟི་དང་ཅིན་སའེ་ཞིང་སྡེའི་གྲངས་ལྡན་གློག་བརྙན་ཚད་ཡོད་ཀུང་ཟིས་བྱེད་ཐབས་སྣ་མང་སྤྱད་དེ་རོང་འབྲོག་ཁུལ་གྱི་སྤྱི་ཕན་གློག་བརྙན་སྟོན་པར་ཞིབ་དཔྱོད་བྱེད་ཚད་ཇེ་ཆེར་བཏང་ནས། བྱ་བའི་ལས་འགན་རེ་རེ་དང་འོས་འགན་རེ་རེ་གློག་བརྙན་གཏོང་མཁན་སོ་སོའི་སྟེང་དུ་དོན་འཁྱོལ་བྱས་ཏེ། རོང་འབྲོག་ཁུལ་གྱི་སྤྱི་ཕན་གློག་བརྙན་སྟོན་མཁན་གྱི་རང་འགན་གཙབ་སྒྲུབ་ཀྱིས་སྤྱི་ཕན་གློག་བརྙན་སྟོན་པའི་ལས་འགན་ཡོངས་འགྲུབ་བྱེད་པར་ཡར་སྐུལ་བྱས། དེ་དང་མཉམ་དུ། རིམ་པ་སོ་སོའི་གློག་བརྙན་ཁང་གིས་ཧུར་ཐག་གིས་གསོ་སྦྱོང་བྱ་འགུལ་སྤེལ་ནས། གློག་བརྙན་སྟོན་པའི་ལག་རྩལ་ཆུ་ཚད་ཇེ་མཐོར་བཏང་།

སྤྱི་ཕན་གློག་བརྙན་དགོན་སྡེ་དང་བཙོན་ཁང་། སྡོད་ཁུལ། དམག་སྒེར། རྒན་གསོ་ཁང་། གཏེར་ཁུངས་བཅས་སུ་བསྐྱོད་པའི་བྱ་འགུལ་གཏིང་ཟབ་དང་རྒྱ་ཆེར་སྤེལ་བ་དེས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་བལྟ་འདོད་པའི་གློག་བརྙན་དང་ཚན་རིག་གི་འདེབས་གསོ། འཕྲོད་བསྟེན་ནད་འགོག འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ཚན་རྩལ་སློབ་གསོའི་ཐད་ཀྱི་གློག་བརྙན་སྐྱེལ་སོང་བར་མ་ཟད། ད་དུང་མང་ཚོགས་ཀྱི་གུང་གསེང་སྐབས་ཀྱི་རིག་གནས་འཚོ་བར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཀྱི་ནུས་བ་བཟང་བོ་བཏོན། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག