མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གིས་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི་ལྟ་སྦྱོང་བྱ་འགུལ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིག་ཧེ་རྫོང་གིས་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི་བྱ་འགུལ་སྤེལ་བའི་ཚུན་ལ། མཉམ་འཛུགས་ལས་ཁུངས་སོ་སོ་དང་འབྲེལ་ཡོད་ཞང་གྲོང་། སྡེ་བ་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག མཉམ་འཛུགས་བྱ་འགུལ་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས། ཉེ་ལམ་ཞིན་ཧེ་རྫོང་མཉམ་འཛུགས་བྱ་འགུལ་གཞུང་སྒྲུབ་ཁང་གིས་འབྲེལ་ཡོད་ཞང་གྲོང་གྱི་ཏང་ཨུའི་ཧྲུའུ་ཅི་དང་། མཉམ་འཛུགས་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཏང་ཀྲི་པུའུ་ཡི་འགན་ཁུར་བ་གཙོ་བོ། མཉམ་འཛུགས་སྡེ་བའི་མང་ཚོགས་ཀྱི་འཐུས་མི་བཅས་རྩ་འཛུགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི་བྱ་འགུལ་སྤེལ་བའི་གནས་ཚུལ་ལ་ལྟ་སྦྱོང་དང་སློབ་སྦྱོང་བྱས།

ལྟ་སྦྱོང་ཚོགས་པས་ས་གང་དུ་ཐོན་ཚེ་ལས་གཞི་ལས་བསྟར་བྱེད་པའི་གནས་ཚུལ་དང་ལས་གཞི་འཛུགས་སྐྲུན་གྱི་སྤུས་ཚད། ཁོར་ཡུག་གཙང་སྦྲ་དག་ཐེར་བཅོས་སྐྱོང་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་མོར་བལྟས་པ་དང་། བྱ་འགུལ་སྤེལ་བའི་གནས་ཚུལ་མཚམས་སྦྱོར་བྱས་པར་ཞིབ་ཏུ་ཉན་པར་མ་ཟད། དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཉམས་མྱོང་བཟང་བོ་དང་བྱེད་ཐབས་བཟང་བོ་ཡུལ་དངོས་སུ་བརྗེ་རེས་དང་སློབ་སྦྱོང་བྱས། འབྲེལ་ཡོད་ཞང་གྲོང་གི་ཏང་ཨུའི་ཧྲུའུ་ཅི་དང་། མཉམ་འཛུགས་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཏང་ཀྲི་པུའུ་ཡི་འགན་ཁུར་མི་སྣས་སྔ་གཞུག་ཏུ་བཤད་རྒྱུར། དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པ་དེ་ནི་མང་ཚོགས་ལ་སྟབས་བདེ་དང་ཁེ་ཕན་བསྐྲུན་པའི་བཟོ་སྐྲུན་ཞིག་ཡིན་པས། དུས་རིམ་རྗེས་མའི་བྱ་བའི་ཁྲོད་ངེས་པར་དུ་སྡེ་བ་རང་གི་མཉམ་འཛུགས་བྱ་འགུལ་བཟང་བོར་སྤེལ་རྒྱུ་ཡིན་ཟེར། མཉམ་འཛུགས་སྡེ་བའི་མང་ཚོགས་ཀྱི་འཐུས་མིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པ་དེ་ནི་མང་ཚོགས་ལ་ཁེ་ཕན་བསྐྲུན་པའི་བཟོ་སྐྲུན་ཞིག་ཡིན་ལ། མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། འཚོ་བར་སྟབས་བདེ་བསྐྲུན་པའི་ཐབས་ལམ་ཞིག་ཀྱང་ཡིན་པས། ང་ཚོས་ཏང་དང་སྲིད་གཞུང་གི་དྲོད་སྐྱིད་ཉམས་སུ་མྱངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག