མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱིས་ཁྱད་ཆོས་ཅན་གྱི་ཡུལ་སྐོར་ཐད་ཀྱི་ཐོན་ལས་སྐོར་ཞིག་སྐྱེད་བསྲིང་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-07 11:11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགོ་ལོག་གི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ཧྲང་ཧའེ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཡུལ་སྐོར་བྱེད་ས་བཟང་བོ་འཛུགས་སྐྲུན་བྱེད་ཞོར་དུ། ཤ་དང་འོ་བཟོས་ཐོན་རྫས་དང་མི་རིགས་ལག་བཟོ་བཟོ་རྩལ་ཐོན་རྫས་ལས་སྣོན་ལས་རིགས། འབྲོག་པའི་སྤྲོ་ཁྱིམ་བཟའ་བཏུང་ལས་རིགས། གེ་སེར་དམངས་སྲོལ་སྡེ་བ། བོད་སྨན་ལས་སྣོན་ལས་རིགས། བཟོ་ལས་ས་ཁུལ་སོགས་ཁྱད་ཆོས་ཅན་གྱི་ཡུལ་སྐོར་ཐོན་ལས་སྐོར་ཞིག་སྐྱེད་བསྲིང་བྱས།

མཚོ་སྐྱ་རེངས་སྔོ་རེངས་དང་། རྨ་ཆེན་གངས་རི། གཉེན་པོ་གཡུ་རྩེ། རྨ་ཆུ། གླིང་གེ་སར་རྒྱལ་བོའི་ལོ་རྒྱུས་སྙན་རྩོམ་སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པའི་མགོ་ལོག་ཁུལ་གྱིས་ཉེ་བའི་ལོ་འགའི་རིང་། གཉེན་པོ་གཡུ་རྩེའི་སྐྱེ་ཁམས་ཡུལ་སྐོར་ཁུལ་གསར་སྐྲུན་བྱེད་ཞོར་དུ། རྨ་ཆུའི་མགོ་ཁུངས་ཡུལ་སྐོར་ཁུལ་དང་། རྨ་ཆེན་གངས་རི་ཡུལ་སྐོར་ཁུལ་སོགས་དང་གེ་སར་རྒྱལ་བོའི་ལོ་རྒྱུས་སྙན་རྩོམ་རིག་གནས་ཀྱི་ཡུལ་སྐོར་སྲང་ལམ་བཅས་ཀྱང་སྐུལ་འདེད་བྱས་ཏེ། ཧུར་ཐག་གིས་མགོ་ལོག་ཁུལ་གྱི་ས་ཁོངས་ཡུལ་སྐོར་གཞི་གཅིག་ཅན་དུ་འཕེལ་རྒྱས་སུ་བཏང་།

ཤུགས་ཡོད་རྒུས་ཡུལ་སྐོར་ཁུལ་བཟང་བོ་གསར་སྐྲུན་བྱེད་ཞོར་དུ། ཡུལ་སྐོར་ལས་རིགས་ཀྱི་འགྲོ་སྡོད་བསྐྱོད་གསུམ་དང་ཡུལ་སྐོར། ཉོ་སྒྲུབ། རྩེད་འཇོ་སོགས་ཐག་གཅོད་བྱེད་པར་དམིགས་ནས། མགོ་ལོག་ཁུལ་གྱིས་ཧུར་ཐག་གིས་རྨ་ཆེན་རྫོང་དང་། དགའ་བདེ་རྫོང་གཙོར་བྱེད་པའི་ཤ་དང་འོ་བཟོས་ཐོན་རྫས་དང་། པད་མ་རྫོང་དང་གཅིག་སྒྲིལ་རྫོང་གི་མི་རིགས་ལག་བཟོ་བཟོ་རྩལ་ཐོན་རྫས། པད་མ་རྫོང་གི་བཙན་རྫོང་། རྟ་བོ་གྲོང་བརྡལ་གྱི་སྤྲོ་སྐྱིད་འབྲོག་ཁྱིམ་བཟའ་བཏུང་ལས་རིགས། གེ་སར་དམངས་སྲོལ་སྡེ་བ། མགོ་ལོག་ཁུལ་གེ་སར་བོད་སྨན་ལས་རིགས་ལས་སྣོན་དང་མགོ་ལོག་ཁུལ་བཟོ་ལས་ཁུལ་སོགས་ཁྱད་ཆོས་ཅན་གྱི་ཐོན་ལས་སྐྱེད་བསྲིང་བྱས། མིག་སྔའི་བར་དུ། མགོ་ལོག་ཁུལ་གེ་སར་སྒྱུ་རྩལ་པའི་གྲངས་མཛོད་བཙུགས་ནས། གེ་སར་སྒྱུ་རྩལ་པའི་ཁྱིམ་ཚང་གཅིག་དང་། རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་བརྒྱད་མིང་ཐོར་བཀོད་པ་དང་། གེ་སར་རིག་གནས་ཐོན་ལས་ཀྱི་ཁེ་ལས་ལྔ་བཙུགས་ལ། གེ་སར་རིག་གནས་ཀྱི་མིང་སྟེང་ནས་མིང་ཐོར་བཀོད་པའི་ཚོང་རྟགས་གསུམ་བཅས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག