མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུལ་ཤུལ་ས་འགུལ་རྗེས་ཀྱི་ས་གཤིས་གནོད་འཚེ་སྔོན་འགོག་བཟོ་བསྐྲུན་འགྲུབ་ནས་ཞིབ་བཤེར་ཚད་ལེན་ཐོབ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཞིང་ཆེན་རྒྱལ་ཁུངས་ཐོན་ཁུངས་ཐིན་ནས་ཤེས་གསལ་ལྟར་ན། ཡུལ་ཤུལ་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ལས་གཞི་བཙོ་བོ་སྟེ། ཡུལ་ཤུལ་ས་འགུལ་རྗེས་ཀྱི་ས་གཤིས་གནོད་འཚེ་སྔོན་འགོག་བཟོ་སྐྲུན་མིག་སྔར་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བར་མ་ཟད་བདེ་ལེགས་ངང་ཞིབ་བཤེར་ཚད་ལེན་ཐོབ།

ཤེས་གསལ་ལྟར་ན། ཡུལ་ཤུལ་ས་འགུལ་རྗེས་ཀྱི་ས་གཤིས་གནོད་འཚེ་སྔོན་འགོག་བཟོ་སྐྲུན་ལ་བསྡོམས་པས་འགྲོ་སོང་སྒོར་དུང་ཕྱུར3བཏང་། 2012ལོའི་སྤྱི་ཟླ7པར་ཨར་ལས་གྲུབ་ནས་ཞིབ་བཤེར་ཚད་ལེན་ཐོབ་སྟེ། ནུས་པ་ཡོད་པའི་སྒོ་ནས་ཆུ་ལོག་དང་འདམ་ཟེགས་ཀྱི་ཆུ་ལོག་སྔོན་འགོག་བྱས། སྐྱེ་དགུ་དགོན་པ་དང་ཁྲ་འགུ་སྡེ་བ་སོགས་ས་གཤིས་བརྟན་པོ་མིན་པའི་ལ་གཟར་་བཟོ་སྐྲུན་ལ་ཁྱོན་བསྡོམས་པས་འགྲོ་སོང་སྒོར་དུང་ཕྱུར1.2བཏང་། ཉེ་འཁོར་གྱི་ས་གཤིས་གཙོ་བོའི་གནོད་སྐྱོན་སེལ་ཐབས་བྱས་ནས་ཡུལ་ཤུལ་ཁུལ་སྐྱེ་དགུ་གྲོང་རྡལ་གྱི་ས་གཤིས་བདེ་འཇགས་ལ་ཁག་ཐེག་བྱས་པས་ས་གནས་སྲིད་གཞུང་དང་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་བ་དང་འཆམ་མཐུན་གྱི་ཡུལ་ཤུལ་འཛུགས་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན།

གཞན་བཟོ་སྐྲུན་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་རྒྱུ་གཙོ་བོར་བཞག་ནས། དཔལ་ཡོན་ལྡན་པའི་ངང་ནས་ཨར་ལས་བྱེད་པ་དང་ལས་ཀ་ལས་ཚར་རྗེས་འཁོར་ཡུག་སླར་གསོའི་བྱ་བ་ལེགས་པོར་བསྒྲུབས་ནས་སྐྱེ་ཁམས་འཁོར་ཡུག་ལའང་སྲུང་སྐྱོབ་བཟང་པོ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག