མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་མང་གྲགས་ཅན30ལ་དཔྱད་བསྡུར་གཏན་འབེབས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས29ཉིན། ཞིང་ཆེན་ཚོང་རྟགས་འཐབ་ཇུས་ཡར་སྐུལ་ཨུ་ཡོན་ལྷན་ཁང་གིས2013ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་མིང་གྲགས་ཅན་གཏན་ཁེལ་བྱེད་པའི་ཚོགས་འདུ་བསྡུས་ནས། ཚོང་རྟགས30དེ་མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་མིང་གྲགས་ཅན་དུ་གཏན་ཁེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་མིང་གྲགས་ཅན136ལ་སླེབས།

2013ལོའི་མཚོ་སྔོན་ཞིང་ཆེན་གྱི་ཚོང་རྟགས་མིང་གྲགས་ཅན་གྱི་དཔྱད་བསྡུར་འདེམས་བསྐོ་དང་གཏན་ཁེལ་བྱ་བས་ཁེ་ལས་ཀྱིས་རང་འདོད་ལྟར་ཡིག་ཐོག་སྙན་ཞུ་བྱེད་པ་དང་ཁེ་ལས་ཡོད་སའི་བཟོ་ཚོང་སྲིད་འཛིན་དོ་དམ་ཅུའུ་ཡིས་དང་ལེན་བྱས་ནས་ཐོག་མའི་ཞིབ་གཅོད་བྱེད་པ་དང་། ཞིང་ཆེན་གྱི་ཚོང་རྟགས་མིང་གྲགས་ཅན་ངོས་འཛིན་གཞུང་སྒྲུབ་ཁང་གིས་ཞིབ་དཔྱད་ཚད་བསྡུར་དང་མཚམས་སྦྱོར་བྱེད་པའི་བྱེད་ཐབས་སྤྱད་པ་དང་། ཞིབ་དཔྱད་ཀྱི་རྒྱུ་སྤུས་ལ་ཁག་ཐེག་བྱེད་ཆེད། དཔལ་འབྱོར་དམིགས་ཚད་གཙོ་བོ་དང་། ཚོང་རྟགས་དྲིལ་སྒྲོག ཚོང་རའི་ཡིད་རྟོན། ཚོང་རྫས་ཀྱི་རྒྱུ་སྤུས་དང་ཚོང་རྟགས་ཀྱི་དོ་དམ་བཅས་བསྡོམས་པའི་སྣ་ལྔ་དང་ནང་དོན་བཅུ་བཞི་ཐད་ནས་ཞིབ་དཔྱད་ཚད་བསྡུར་བྱས། ཟས་རིགས་དང་ཁོར་ཡུག་སྲུང་སྐྱོབ་རིགས། སྨན་རྫས་རིགས་དང་འབྲེལ་བའིཚོང་རྟགས་ལ་ཞིབ་དཔྱད་ནན་མོ་བྱས་པ་དང་། དྲ་ཚིགས་སྟེང་ནས་ཁེ་ལས་དེའི་རིགས་ཀྱི་ཚོང་གཉེར་གནས་ཚུལ་དང་། རྒྱུ་སྤུས་ལ་ཞིབ་དཔྱད་ནན་མོ་བྱས་ནས། རྒྱུ་སྤུས་དང་གཞན་པའི་ཐད་ནས་གནད་དོན་མི་ལེགས་པ་བྱུང་བའི་ཁེ་ལས་ཀྱི་ཚོང་རྟགས་ལ་དཔྱད་བསྡུར་གཏན་འབེབས་གཏན་ནས་མ་བྱས།

ཐེངས་འདིར་དཔྱད་བསྡུར་གཏན་འབེབས་བྱས་པའི་ཚོང་རྟགས་ཐོན་ལས་སུམ་ཅུའི་ཁྲོད་དུ་ཤ་བཟོས་ཐོན་རྫས། འོ་བཟོས་ཐོན་རྫས། བདེ་སྲུང་ཟས་རིགས། སྐོམ་ཆུ། ནས་ཆང་སོགས་མཐོ་སྒང་གི་ཁྱད་ཆོས་ཅན་གྱི་ཚོང་རྫས་དང་མི་རིགས་གྱོན་ཆས་ལས་རིགས་བཅས་འདུ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག