མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྩེ་ཁོག་རྫོང་གིས་དམེ་ཤུལ་གྲོང་བརྡལ་གྱི་ལུང་བཟང་སྡེ་བ་དང་ཧོར་ཞང་གི་ཧོར་སྡེ་བ་ནས་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་མཉམ་དུ་དཔེ་སྟོན་སྡེ་བ་བསྐྲུན་པའི་བྱ་འགུལ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གིས་དམེ་ཤུལ་གྲོང་བརྡལ་གྱི་ལུང་བཟང་སྡེ་བ་དང་ཧོར་ཞང་གི་ཧོར་སྡེ་བ་ནས་ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་མཉམ་དུ་དཔེ་སྟོན་སྡེ་བ་བསྐྲུན་པའི་བྱ་འགུལ་སྤེལ།

ཏང་སྲིད་དམག་གསུམ་དང་ཁེ་ལས་བཅས་ཀྱིས་མཉམ་དུ་དཔེ་སྟོན་སྡེ་བ་བསྐྲུན་པའི་བྱ་འགུལ་སྤེལ་སྐབས། རྫེ་ཁོག་རྫོང་གིས་དམེ་ཤུལ་ནགས་འདབས་སུ་ཆགས་པའི་ལུང་བཟང་སྡེ་བ་དང་རྡོ་བརྐོས་སྒྱུ་རྩལ་གྱི་ཕ་སར་གྲགས་པའི་ཧོར་སྡེ་བ་གཉིས་ཀ་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་ཡུལ་དུ་བདམས། ལུང་བཟང་སྡེ་བར་བསྡོམས་པས་འབྲོག་ཁྱིམ595ཡོད་པ་དང་དེ་ཐེན་ཅིན་གྲོང་ཁྱེར་དང་མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་གཉིས་ཀྱིས་ཁ་གཏད་མཉམ་འཛུགས་བྱེད་རྒྱུ་དང་། ཧོར་སྡེ་བར་བསྡོམས་པས་འབྲོག་ཁྱིམ230ཡོད་ལ་དེ་རྨ་ལྷོ་ཁུལ་གྱི་ཞིང་ཕྱུགས་ཅུའུ་དང་འགྲིམ་འགྲུལ་ཅུའུ་གཉིས་ཀྱིས་ཁ་གཏད་མཉམ་འཛུགས་བྱེད་རྒྱུ་བྱས།

བྱ་འགུལ་དེ་སྤེལ་སྐབས། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མ་དངུལ་སྒོར410000བཏང་ནས་ལུང་བཟང་སྡེ་བའི་རིག་གནས་ཐང་ཆེན་ལས་བ་དང་། རྨ་ལྷོ་ཁུལ་ཞིང་ཕྱུགས་ཅུའུ་ཡིས་མ་དངུལ་སྒོར་འབུམ1བཏང་ནས་ཧོར་སྡེ་བའི་སྒོ་ཆེན་ལས་ཤིང་། རྨ་ལྷོ་ཁུལ་འགྲིམ་འགྲུལ་ཅུའུ་ཡིས་མ་དངུལ་བརྩོན་ལེན་བྱས་ནས་སྡེ་བར་སྤྱི་ལེ5ལྷག་གི་ཨར་འདམ་གཞུང་ལམ་ལས། དེ་དང་མཉམ་དུ་སྡེ་བ་གཉིས་ཀྱི་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་ཁྱིམ་ཚང་རེ་རེར་སྤྱོད་ཁང་དང་མི་ཕྱུགས་གཉིས་ཀྱི་འཐུང་ཆུ་ཁྱིམ་ཚང་རེ་རེར་འཐེན་པའི་བཟོ་སྐྲུན་སོགས་ལག་བསྟར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག