མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ངོས་ལས་ཆེས་མཐོ་ཞིང་ལམ་ཐག་ཆེས་རིང་བའི་མཚོ་བོད་ལྕགས་ལམ་འཛམ་གླིང་གི་ལོ་བརྒྱའི་བཟོ་སྐྲུན་འགངས་ཆེན་གྲས་སུ་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། པ་སེ་ལོ་ན་གྲོང་ཁྱེར་ནས་བསྡུས་པའི་རྒྱལ་སྤྱིའི་བློ་འདྲི་བཟོ་སྐྲུན་པའི་མཉམ་འབྲེལ་ཚོགས་འདུའི་ལོ་བརྒྱའི་རྟེན་འབྲེལ་མཛད་སྒོའི་སྟེང་། ཀྲུང་གོའི་མཚོ་བོད་ལྕགས་ལམ་དང་། ཆིན་ལིན་ཕུག་ལམ་སོགས་ལས་གཞི་བཅུ་གསུམ་དང་བཅས་པའི་ཨ་མེ་རི་ཁའི་ཧུའུ་ཧྥོ་ཆུ་རགས་ཆེན་པོ་དང་། དབྱིན་ཅི་ལིས་མཚོ་གཏིང་ཕུག་ལམ། ཞི་ཉིས་གླུ་གར་ཁང་སོགས་འཛམ་གླིང་གི་བཟོ་བཀོད་གྲགས་ཅན་སྐོར་ཞིག་མཉམ་གཅིག་ཏུ་འཛམ་གླིང་གི་ལོ་བརྒྱའི་བཟོ་སྐྲུན་འགངས་ཆེན་གྲས་སུ་བདམས།

མཚོ་བོད་ལྕགས་ལམ་བསྐྲུན་སྐབས་འཛམ་གླིང་ཡང་སྟེང་དུ་འབོད་པའི་ལོ་མང་པོར་འཁྱགས་པས་བསྡམས་པའི་ས་ཁུལ་བརྒྱུད་པ་དང་། གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པ། སྐྱེ་ཁམས་ཉམས་ཞན་ཡིན་པ་བཅས་འཛམ་གླིང་བཟོ་སྐྲུན་གྱི་དཀའ་གནད་ཆེན་པོ་གསུམ་ལས་རྣམ་པར་རྒྱལ་ཏེ་མཚན་སྙན་དེ་ཐོབ་པ་དང་། བཟོ་སྐྲུན་དེ་ལ་སྔ་གཞུག་ཏུ་ཀྲུང་གོའི“རྒྱལ་ཁབ་ཚན་རྩལ་ཡར་ཐོན་དམིགས་བསལ་བྱ་དགའ”སོགས་ལས་གཞི་རིགས་སྣ་ཚོགས་ཀྱི་བྱ་དགའ་ཆེན་པོ་དང་རྒྱལ་ཁབ་ཀྱི་ཆེད་དབང་ཉེར་བཞི་ཐོབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག