མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་བྱིས་པའི་འོ་ཕྱེའི་རྒྱུ་སྤུས་ཐད་ཀྱི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-06 11:10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་དཔལ་འབྱོར་ཨུ་ཡོན་ལྷན་ཁང་དང་སྤྱི་བདེ། ཞིང་ཕྱུགས། འཕྲོད་བསྟེན་དང་འཆར་ལྡན། རྒྱུ་སྤུས་ལྟ་སྐུལ། བཟོ་ཚོང་སོགས་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་བྱིས་པའི་འོ་ཕྱེའི་རྒྱུ་སྤུས་བདེ་འཇགས་བྱ་བར་ཤུགས་སྣོན་པའི་ལག་བསྟར་བསམ་འཆར་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་བྱིས་པའི་འོ་ཕྱེའི་རྒྱུ་སྤུས་བདེ་འཇགས་བྱ་བར་ཤུགས་བསྣན་ནས། བྱིས་པའི་ལུས་ཕུང་བདེ་ཐང་ལ་འགན་སྲུང་དང་། ཞིང་ཆེན་ཡོངས་ཀྱི་བྱིས་པའི་འོ་ཕྱེ་ལས་རིགས་རྒྱུན་མཐུད་ནས་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་བྱེད་པར་བཀོད་སྒྲིག་བྱས།

བསམ་འཆར་ལས་རིམ་པ་སོ་སོའི་སྲིད་གཞུང་དང་ལྟ་སྐུལ་དོ་དམ་སྡེ་ཁག་སོ་སོས་བྱིས་པའི་འོ་ཕྱེའི་རྒྱུ་སྤུས་བདེ་འཇགས་བྱ་བ་དེ་སྔར་ལས་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། ས་གནས་སྲིད་གཞུང་གིས་རང་ས་གནས་ཀྱི་བྱིས་པའི་འོ་ཕྱེའི་རྒྱུ་སྤུས་བདེ་འཇགས་ལ་སྤྱིའི་འགན་ཁུར་བ་དང། ཁེ་ལས་ཀྱིས་འགན་གཙོ་བོ་ཁུར་ནས། ཕྱི་ནང་གཉི་ཀར་བཅོས་སྐྱོང་བྱེད་པ་དང་དག་ཐེར་བཅོས་སྐྱོང་དང་སྒྲིག་སྲོལ་འཛུགས་པ་གཉིས་ཟུང་འབྲེལ་བྱེད་པར་རྒྱུན་འཁྱོངས་བྱེད་པ། ཡུན་རིང་གི་སྒྲིག་སྲོལ་འཐུས་ཇེ་ཚང་དུ་གཏོང་བ། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་བར་རྡུང་རྡེག་ནན་མོ་བྱེད་པ་བཅས་བྱས་ཏེ། བྱིས་པའི་འོ་ཕྱེ་དེ་མགོ་ཁུངས་ནས་འཛད་སྤྱོད་ཀྱི་གོ་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱེད་ཐུབ་པ་མངོན་འགྱུར་བྱེད་དགོས་པ་དང་། སྤྱི་ཚོགས་ཕྱོགས་སོ་སོའི་ནུས་ཤུགས་སྐུལ་སློང་བྱེད་པར་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཀྱི་ལྟ་སྐུལ་དོ་དམ་ནུས་བ་འདོན་སྤེལ་གང་ལེགས་བྱས་ཏེ། བྱིས་པའི་འོ་ཕྱེ་ལ་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་དོ་དམ་དང་མཉམ་དུ་བཅོས་སྐྱོང་བྱེད་པའི་གནས་བབ་འགྲུབ་པར་བྱེད་དགོས་བའི་བླང་བྱ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག