མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྱི་ཟླ10བའི་ཚེས4ཉིན་བར་དུ་མཚོ་སྔོན་གྱི་ལྗོངས་རྒྱུ་བྱེད་ས་སོ་སོའི་གནས་སྐོར་ཡོང་སྒོ་སྒོར་མོ་བྱེ་བ3ལྷག་ལ་སླེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས1ཉིན་ནས་ཚེས4ཉིན་བར་མཚོ་སྔོན་གྱི་གནས་སྐོར་ལས་རིགས་ཐད་ལ་གྲུབ་འབྲས་བཟང་བོ་ཐོབ། མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། མཚོ་སྔོན་གྱི་ལྗོངས་རྒྱུ་བྱེད་ས་གཙོ་བོ་དག་ནས་གནས་སྐོར་བ་མི་ཐེངས་འབུམ2ལྷག་ལ་སྣེ་ལེན་བྱས་པ་དང་ཡོང་སྒོ་སྒོར་མོ་བྱེ་བ3ལྷག་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་པོའི་ལྗོངས་རྒྱུ་ས་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི4ལྷག་ལ་སྣེ་ལེན་བྱས་པ་དང་ཡོང་སྒོ་སྒོར་ས་ཡ6.71ལྷག་ཐོབ་པ་དང་། སྐུ་འབུམ་དགོན་པའི་ལྗོངས་རྒྱུ་ས་ཁུལ་གྱིས་གནས་སྐོར་མི་ཐེངས་ཁྲི3ལྷག་སྣེ་ལེན་བྱས་པ་དང་ཡོང་སྒོ་སྒོར་ས་ཡ8.18ལྷག་ཐོབ་ལ། ན་གོར་མོའི་ལྗོངས་རྒྱུ་ས་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི1ལྷག་སྣེ་ལེན་བྱས་པ་དང་ཡོང་སྒོ་སྒོར་ས་ཡ7ལྷག་ཐོབ།

རྒྱལ་སྟོན་དུས་ཆེན་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་ལྗོངས་རྒྱུ་བྱེད་ས་སོ་སོའི་སྒྲིག་ལམ་བཟང་བ་དང་ཚེས4ཉིན་གྱི་སྔོན་ལ་བདེ་འཇགས་དོན་རྐྱེན་ཅི་ཡང་མ་བྱུང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག