མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་བཅོ་བརྒྱད་ཀྱིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཚོང་རྫས་ཀུན་འདུས་བྱ་འགུལ་ཁྲོད་སྒོར་དུང་ཕྱུར3.5ཡི་གྲོས་མཐུན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:36

adfadf

    མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་བཅོ་བརྒྱད་ཀྱིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཚོང་རྫས་ཀུན་འདུས་བྱ་འགུལ་ཁྲོད་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔའི་གྲོས་མཐུན་བཀོད་པ།
  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10བའི་ཚེས4ཉིན་གྱི་སྔ་དྲོར། ཁྲིན་ཏུའུ་གྲོང་ཁྱེར་དུ་མཚོ་སྔོན་ཚོང་རྫས་ཀུན་འདུས་ཀྱི་གྲོས་མཐུན་འགོད་པའི་མཛད་སྒོ་བསྡུས། རང་ཞིང་གི་ཁེ་ལས18ཀྱིས་སི་ཁྲོན་ཞིང་ཆེན་དང་ཁྲོང་ཆེན། ཞང་ཀང་སོགས་ཀྱི་ཁེ་ལས་ཉེར་གཅིག་ལ་སྒོར་དུར་ཕྱུར3.5ཡི་ཉོ་ཚོང་གན་རྒྱ་བཞག

  ཐེངས་འདིར་གྲོས་མཐུན་བཀོད་པའི་རྣམ་གྲངས་ནང་དུ་ནོར་ཤ་དང་ལུག་ཤའི་ཐོན་རྫས། ཀེ་ཚེའི་སྣུམ། རྒྱ་སྲན་ཐོན་རྫས། འབྲི་མོའི་འོ་མ་དང་ཞོ། ཡུ་གུ འདྲེ་ཚེར་མ། མངར་ཟས། འབྲུ་རིགས་དཀྱུས་མ་སོགས་བཟའ་ཆས་དང་བོད་ལུགས་ས་གདན་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས་འདུས་ཡོད། བོད་ལུགས་ས་གདན་བཟོ་གྲྭ་སོགས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་རང་གི་ནུས་པ་དང་ལོ་མང་པོའི་རིང་གི་ཚོང་རའི་ཉམས་མྱོང་ལ་བསྟེན་ནས་ཐེངས་འདིའི་ཚོང་རྫས་འགྲེམ་སྟོན་སྟེང་རྒྱལ་ཁ་ཆེན་པོ་བླངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག