མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཙང་གསུམ་འབྱུང་ཡུལ་གྱི་གནམ་གཤིས་འགྱུར་ལྡོག་དང་བསྟུན་པའི་ཐབས་ཇུས་དང་བློ་འདྲིའི་སྙན་ཞུའི་བརྡ་ཁྱབ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས26ཉིན། ཞིང་ཆེན་གནམ་གཤིས་ཅུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཉེ་ལམ་རྩོམ་སྒྲིག་བྱས་པའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་ལ་བསྟུན་པའི་ཐབས་ཇུས་དང་བློ་འདྲིའི་སྙན་ཞུ་ཡི་འབྲེལ་ཡོད་ནང་དོན་གྱི་བརྡ་ཁྱབ་སྤེལ། མཚམས་སྦྱོར་བྱས་པ་ལྟར་ན། འདས་བའི་ལོ52ཀྱི་རིང་ལ། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཆ་སྙོམས་དྲོད་ཚད་མངོན་གསལ་གྱིས་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། ལོ10རེའི་ནང་དུ་དྲོད་གྲངས0.38ཀྱིས་ཇེ་དྲོར་འགྲོ་བཞིན་ཡོད། དྲོད་གྲངས་ཇེ་མཐོ་དང་ཆར་འབབ་ཚད་ཇེ་མང་དུ་འགྲོ་བ་སོགས་ཕན་ཡོད་ཀྱི་གནམ་གཤིས་ཆ་རྐྱེན་གྱི་ཤུགས་རྐྱེན་འོག་དང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་བཟོ་སྐྲུན་འཛུགས་སྐྲུན་སོགས་ཀྱི་བྱེད་ཐབས་སྣ་མང་ལག་བསྟར་བྱས་མཐར། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་རྩྭ་ས་སླར་གསོ་བྱུང་བ་དང་། བྱེ་འགྱུར་གྱི་གནས་ཚུལ་ཡང་ཇེ་བཟང་དུ་སོང་ཞིང་། གཤེར་སའི་རྒྱ་ཁྱོན་ཇེ་ཆེ་དང་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་འགྲོ་བའི་གནས་བབ་ཇེ་ལེགས་སུ་སོང་།

ཞིང་ཆེན་གནམ་གཤིས་ཅུའུ་ཡི་མཐོ་རིམ་ལག་རྩལ་པ་ལིས་ལིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་དང་བསྟུན་པའི་ཐབས་ཇུས་དང་བློ་འདྲིའི་སྙན་ཞུ་ཡིས་འདས་ཟིན་པའི་ལོ52རིང་གི་གནམ་གཤིས་འགྱུར་ལྡོག་གི་གཞི་རྩའི་དོན་དངོས་བརྗོད་པའི་རྨང་གཞིའི་སྟེང་། གནམ་གཤིས་འགྱུར་ལྡོག་གིས་སྐྱེ་ཁམས་ཁོར་ཡུག་དང་ཆུའི་ཐོན་ཁུངས། ཕྱུགས་ལས། ནགས་ལས། ཡུལ་སྐོར་ལས་རིགས་སོགས་ཐད་ལ་ཐེབས་པའི་ཤུགས་རྐྱེན་ལ་གདེང་འཇོག་ཚད་ལེན་དང་། ལག་བསྟར་བྱེད་བཞིན་པའི་གནམ་གཤིས་འགྱུར་ལྡོག་ལ་བསྟུན་པའི་བཟོ་སྐྲུན་གཙོ་བོ་དང་གནམ་གཤིས་འགྱུར་ལྡོག་གི་ཚན་རིག་ཞིབ་འཇུག ཚན་རིག་ཁྱབ་བརྡལ་གྱི་དྲིལ་སྒྲོག་སོགས་ཀྱིས་བྱེད་སྒོ་དང་དེའི་ཐད་ནས་བླངས་བའི་གྲུབ་འབྲས་ལ་གདེང་འཇོག མ་འོངས་བར་རིགས་མི་འདྲ་བའི་དྲོད་ཁང་གིས་ཕྱིར་བཏང་བའི་རླུང་གཟུགས་ཀྱི་ཤུགས་རྐྱེན་འོག་གི་གནམ་གཤིས་འགྱུར་ལྡོག་གི་གནས་བབ་ལ་སྔོན་དཔག་དང་། འབྱུང་སྲིད་པའི་གནོད་འཚེ་ལ་དབྱེ་ཞིབ་བཅས་བྱས་ཡོད་པར་མ་ཟད། གནམ་གཤིས་འགྱུར་ལྡོག་གི་གནས་བབ་དང་གནམ་གཤིས་འགྱུར་ལྡོག་ལ་བསྟུན་པའི་སྐབས་ཀྱི་འགྲན་རྩོད་གཞིར་བཟུང་ནས། ཚན་རིག་ལྟར་བར་སྣང་གི་ཆུའི་ཐོན་ཁུངས་སྔོག་འདོན་བྱེད་པ་སོགས་ཀྱི་གནམ་གཤིས་འགྱུར་ལྡོག་དང་འཕྲོད་པའི་ཐབས་ཇུས་དང་བསམ་འཆར་བཏོན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག