མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་བསྡུའི་ཚད་གཞི་སྐོར་ཞིག་ཇེ་དམའ་རུ་བཏང་ནས་ཁེ་ལས་དང་སྡོད་དམངས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-04 11:12

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཁེ་ལས་དང་སྡོད་དམངས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། རྒྱལ་ཁབ་ཀྱིས་སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་བསྡུའི་ཚད་གཞི་སྐོར་ཞིག་ཇེ་དམའ་རུ་གཏོང་བའི་བྱ་བའི་བཀོད་སྒྲིག་ལྟར། ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་མཉམ་དུ་སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་བསྡུའི་ཚད་གཞི་སྐོར་ཞིག་ཇེ་དམའ་རུ་གཏོང་བའི་སྐོར་གྱི་བརྡ་ཐོ་བཏང་བ་དང་། 2013ལོའི་ཟླ10བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་ཤིང་། ལས་ཁུངས་བཅུ་གཅིག་གི་སྲིད་འཛིན་ལས་དོན་རང་བཞིན་གྱི་དངུལ་བསྡུའི་ཚད་གཞི་བཅོ་ལྔ་དང་བདག་གཉེར་རང་བཞིན་གྱི་གཞུང་དཔང་དངུལ་བསྡུའི་ཚད་གཞི་གཅིག་ཇེ་དམར་རུ་བཏང་།

ཐེངས་འདིའི་དངུལ་བསྡུའི་ཚད་གཞི་ཇེ་དམའ་རུ་བཏང་བ་དེས་ཁེ་ལས་དང་སྤྱི་ཚོགས་ཀྱི་ཁུར་བོ་ཚད་མཐོན་པོས་ཇེ་ཡང་དུ་བཏང་། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་ཐིན་གཉིས་ཀྱིས་གྲོང་ཁྱེར་དང་ཁུལ་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་བརྡ་ཐོའི་གཏན་འཁེལ་ནན་ཏན་སྒོས་ལག་བསྟར་བྱེད་པར་ལྟ་རྟོག་བྱེད་དགོས་པ་དང་རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་ལག་བསྟར་མི་བྱེད་པ་དང་ལག་བསྟར་བྱེད་ཡུན་འགོར་འགྱངས་སུ་བཏང་མི་ཆོག རིམ་པ་སོ་སོའི་འཕེལ་རྒྱས་བཅོས་སྒྱུར་དང་ནོར་སྲིད་ལས་ཁུངས་ཀྱིས་དངོས་འབེབས་གནས་ཚུལ་ལ་ལྟ་རྟོག་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས། དུས་ལྟར་དངུལ་བསྡུའི་ཚད་གཞི་ཇེ་དམའ་རུ་མི་གཏོང་མཁན་ལ་འབྲེལ་ཡོད་གཏན་འཁེལ་ལྟར་ཆད་པ་གཅོད་དགོས་པར་མ་ཟད། འགན་འཁུར་མི་སྣར་སྲིད་འཛིན་འགན་འཁྲི་རྩད་གཅོད་དགོས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག