མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྫོགས་ལྡན་གཟའ་འཁོར་གྱི་ཉིན་དང་པོར་སྐུ་འབུམ་དགོན་པའི་གནས་སྐོར་ཐད་ཀྱི་ཡོང་སྒོ་སྒོར་ས་ཡ་ལས་བརྒལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-04 10:43

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ད་ལོའི་རྒྱལ་སྟོན་དུས་ཆེན་ཀྱི་ཉིན་དང་པོར་མཚོ་སྔོན་གྱི་གནས་སྐོར་ལས་རིགས་ལ་ཚ་རླབས་ཤིག་ངང་གིས་རྒྱས་བཞིན་ཡོད་པ་དང་།  མཚོ་སྔོན་པོ་དང་སྐུ་འབུམ་བྱམས་པ་གླིང་ཡུལ་ལྗོངས་ཁུལ་དུ་ཉིན་རེའི་གནས་སྐོར་བ་མི་ཐེངས་ཁྲི་ལྷག་སྣེ་ལེན་བྱེད་ཀྱིན་ཡོད་ལ།  སྐུ་འབུམ་བྱམས་པ་གླིང་གཅིག་པུ་ལས་གནས་སྐོར་ཐད་ཀྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་ཁྲི114.44ལ་ཟིན།

 རྒྱུས་ལོན་པ་ལྟར་ན།  ད་ལོའི་སྤྱི་ཟླ10བའི་ཚེས1ཉིན།  རབ་མཛེས་མཚོ་སྔོན་དུ་གནས་སྐོར་ལྗོངས་རྒྱུ་བྱེད་པའི་ཞིང་ཆེན་ཕྱིའི་གནས་སྐོར་བ་ཇེ་མང་དུ་སོང་ཡོད་པ་དང་།  རང་ཞིང་གི་མཆོག་གྱུར་ཡུལ་ལྗོངས་ཁུལ་སྐུ་འབུམ་བྱམས་པ་གླིང་དང་མཚོ་སྔོན་པོའི་གནས་སྐོར་བ་ལོ་སྔོན་ལས་ཡར་འཕར་ཡོད་པ་མངོན་གསལ་རེད།  དེའི་ནང་སྤྱི་ཟླ10བའི་ཚེས1ཉིན། སྐུ་འབུམ་བྱམས་པ་གླིང་དང་མཚོ་སྔོན་པོའི་ཡུལ་ལྗོངས་ཁུལ་གྱིས་སོ་སོ་གནས་སྐོར་བ་མི་ཐེངས6358དང་མི་ཐེངས8200སྣེ་ལེན་བྱས།   ཉེ་བའི་ལོ་འགའི་རིང་།  རྒྱལ་སྟོན་དུས་ཆེན་སྐབས་སུ་ཞིང་ཆེན་ཕྱིའི་གནས་སྐོར་བའི་གནས་སྐོར་ལྗོངས་རྒྱུ་བྱེད་པའི་འགྲོ་ལམ་མཚོ་སྔོན་པོ་དང་སྐུ་འབུམ་བྱམས་པ་གླིང་གཙོ་བྱས་ཏེ།  ཟི་ལིང་གྲོང་ཁྱེར་ནང་ཁུལ་གྱི་ཡུལ་ལྗོངས་ཁུལ་དང་ཧུའུ་ཀྲུའོ་ཡུལ་སྲོལ་ར་བ་བཅས་ཡིན་པ་དང་།  རྒྱུས་ལོན་པ་ལྟར་ན།  སྐུ་འབུམ་བྱམས་པ་གླིང་དང་མཚོ་སྔོན་པོ་ནི་ཡུལ་ལྗོངས་ཁུལ་གྲགས་ཅན་ཡིན་པའི་ཆ་ནས།  གནས་སྐོར་གསར་སྤེལ་འཐུས་ཚང་ཡིན་པ་དང་འགྲིམ་འགྲུལ་སྟབས་བདེ་བ།  ཐོན་ཁུངས་ཁྱད་ཆོས་ལྡན་པ་སོགས་གཅིག་ནི་ཆོས་ལུགས་རིག་གནས་ཀྱི་གནས་སྐོར་གནས་མཆོག་ཡིན་པ་དང་།  གཅིག་ནི་རི་ཆུའི་རང་བྱུང་མཛེས་ལྗོངས་ཡིན་པས།  ཡུལ་ལྗོངས་ཁུལ་འདི་གཉིས་ནི་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལས་རིགས་ཁྲོད་གོ་གནས་གལ་ཆེན་ཟིན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག