མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་ཡིག་གཟུགས་དང་རི་མོ། འདྲ་པར་བཅས་ཀྱི་འགྲེམ་སྟོན་ཞིང་ཆེན་ཚན་རྩལ་ཁང་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:13

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་ཞེས་པའི་ལས་བྱེད་པ་དང་ལས་བཟོ་བའི་ཡིག་གཟུགས་དང་རི་མོ། འདྲ་པར་བཅས་ཀྱི་འགྲེམ་སྟོན་ཞིང་ཆེན་ཚན་རྩལ་ཁང་ནས་བསྡུས།

མཚོ་སྔོན་ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཐེངས་འདིའི་ཡིག་གཟུགས་དང་རི་མོ། འདྲ་པར་བཅས་ཀྱི་འགྲེམ་སྟོན་བསྒྲུབས་པའི་དམིགས་ཡུལ་ནི་ཉེ་བའི་ལོ་འགའི་རིང་ལ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་འཛུགས་སྐྲུན་བཅས་ཐད་ནས་བླངས་པའི་གྲུབ་འབྲས་གསར་བ་དང་འགྱུར་ལྡོག་གསར་བ་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་པ་དང་། རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་གསར་བ་གང་ལེགས་སྒོས་ངོམ་པར་བྱེད་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིག་གནས་འཛུགས་སྐྲུན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་གཏོང་བ། ལས་བྱེད་པ་དང་ལས་བཟོ་བའི་རིག་གནས་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་ཕུགས་བསམ་དང་ཡིད་ཆེས་སྔར་ལས་བརྟན་པོ་བཅངས་པར་ཁྲིད་སྟོན་བྱེད་པ། མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པའི་ཡིད་ཆེས་ཇེ་ཆེར་བཏང་སྟེ། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་རྒྱུ་དེ་རེད།

འགྲེམ་སྟོན་ལ་ཞུགས་པའི་བརྩམས་ཆས་དེ་དག་ལས་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྙིང་སྟོབས་འདོན་སྤེལ་བྱས་ཡོད་ལ། ཕུན་སུམ་ཚོགས་པའི་བསམ་པའི་རིག་གནས་འཚོ་བ་དང་ཡར་རྒྱས་བརྩོན་ལེན་གྱི་བསམ་པའི་རྣམ་པ་མཚོན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག