མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཁབ་ནུས་ཁུངས་ཅུའུ་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་གློག་མེད་པའི་མི་གྲངས་ཀྱི་གློག་བཀོལ་གནད་དོན་གྱི་འཕེལ་རིམ་གནས་ཚུལ་ལ་ལྟ་ཞིབ་བྱས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-10-03 11:12

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས25ཉིན་ནས་ཚེས28ཉིན་བར། རྒྱལ་ཁབ་ནུས་ཁུངས་ཅུའུ་དང་རྒྱལ་ཁབ་གློག་དྲ་ཀུང་ཟི། གློག་ཤུགས་འཆར་འགོད་གླིང་། ཆུ་གློག་ཆུ་བེད་འཆར་འགོད་གླིང་། ཏ་ཐང་སྡེ་ཚོགས་ཀུང་ཟི། ཀྲུང་གོའི་གློག་ཤུགས་དངུལ་གཏོང་སྡེ་ཚོགས་ཀུང་ཟི་བཅས་མཚོ་སྔོན་ཞིང་ཆེན་དུ་ཡོང་ནས་གློག་མེད་པའི་མི་གྲངས་ཀྱི་གློག་བཀོལ་བའི་གནད་དོན་གྱི་འཕེལ་རིམ་གནས་ཚུལ་ལ་ལྟ་ཞིབ་བྱས།

ལྟ་ཞིབ་ཚན་ཆུང་སོ་སོར་མགོ་ལོག་ཁུལ་གྱི་གཅིག་སྒྲིལ་རྫོང་དང་པད་མ་རྫོང་། དར་ལག་རྫོང་། རྨ་ཆེན་རྫོང་དང་། མཚོ་ལྷོ་ཁུལ་གྱི་ཐུན་ཏེ་རྫོང་དང་ཀོས་ནས་རྫོང་བཅས་སུ་སོང་ནས་གློག་མེད་པའི་གནས་ཚུལ་དང་ལས་གཞིའི་འཕེལ་རིམ་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཟི་ལིང་གྲོང་ཁྱེར་ནས་གྲོས་མོལ་ཚོགས་འདུ་བསྡུས། ཚོགས་ཐོག་ནས། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱིས་གློག་མེད་པའི་མི་གྲངས་ཀྱིས་གློག་བཀོལ་མི་ཐུབ་པའི་གནས་ཚུལ་ཐག་གཅོད་དང་དེའི་འཕེལ་རིམ་གནས་ཚུལ་ཡར་ཞུ་བྱས་པ་དང་། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་གློག་དྲའི་ཁེ་ལས། གློག་འདོན་ཁེ་ལས་བཅས་ཀྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གློག་མེད་འཆར་འགོད་རྩ་གནད་བཅུ་གཉིས་པས་བཏོན་པའི་གློག་མེད་པའི་ས་ཁུལ་གྱི་མི་ཡོངས་རྫོགས་ཀྱིས་གློག་བཀོལ་ཐུབ་པར་བྱེད་པའི་དམིགས་འབེན་ལག་བསྟར་ནན་མོ་བྱས་ནས། གྲུབ་འབྲས་མངོན་གསལ་ཡིན་པའི་བྱ་བ་མང་པོ་བསྒྲུབས་སྙམ་པ་དང་། རིམ་པ་སོ་སོའི་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་གཅིག་གྱུར་གྱིས་མཐུན་སྦྱོར་བྱས་ཏེ། ཀྲུང་དབྱང་ནས་ས་གནས་བར་ཚང་མ་མཉམ་འགུལ་བྱས་ཏེ་གློག་དྲ་གང་སར་མཆེད་པར་འབད་བརྩོན་བྱས་ནས། འབྲོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་གློག་བཀོལ་དགོས་མཁོ་སྐོང་བ་དང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་ལས་གཞི་འཛུགས་སྐྲུན་བྱེད་ས་དང་ཁོར་ཡུག་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དང་། ལས་གཞིའི་ཞིབ་བཤེར་ཆོག་མཆན་ཐད་ནས་སྟབས་བདེ་བསྐྲུན་པ་བཅས་བྱས་ནས། ལས་གཞིའི་ཞིབ་བསྡུར་དང་ཆོག་མཆན་འགོད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ལས་གཞི་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུ་གློག་མེད་པའི་ཁྱིམ་ཚང་གི་གྲངས་ཀ་དང་ལག་བསྟར་ཇུས་གཞི་ལ་ཞིབ་བསྡུར་སྔར་ལས་བཟང་བོ་བྱས་ཏེ། གློག་གནོན་དམའ་བ་དང་གློག་འདོན་རྒྱུ་སྤུས་མི་འདང་བའི་གནད་དོན་ཐག་གཅོད་བྱེད་དགོས་བའི་རེ་བ་བཏོན། དེ་དང་མཉམ་དུ། རྒྱལ་ཁབ་གློག་དྲ་ཀུང་ཟིས་སྡེ་ཚོགས་ཆེ་བའི་ལག་རྩལ་དང་མ་དངུལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། ལག་རྩལ་ཐད་ཀྱི་མཛུབ་སྟོན་དང་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། གློག་མེད་ས་ཁུལ་གྱི་ལས་གཞིའི་ཁྲིམས་མིས་འཆར་འགོད་ལ་ཤུགས་བསྣན་ནས། ཨར་ལས་ཀྱི་རྩ་འཛུགས་དང་ཇུས་འགོད་བཟང་བོ་བྱེད་པ་དང་། ལས་གཞིའི་ཆ་འཕྲིན་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཨར་ལས་དང་ཨར་ལས་བཟོ་བའི་བདེ་འཇགས་ལ་གཙིགས་འཛིན་བྱེད་དགོས་བའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག