མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕུན་གྱིས་ཡུལ་ཤུལ་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ཡུལ་ཤུལ་གསར་བ་འཛུགས་སྐྲུན་བཟང་བོ་དང་གྲོང་ཁྱེར་གསར་བར་དོ་དམ་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-03 11:11

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས28ཉིན་ནས་ཚེས29ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕུན་གྱིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་རྒུ་གྲོང་བརྡལ་དུ་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ཧའོ་ཕུན་གྱིས་སྟོབས་ཤུགས་ཡོད་དགུ་བཏོན་ནས་བསྐྱར་འཛུགས་ལས་གཞིའི་མཇུག་བསྡུའི་ལས་འགན་ཡོངས་འགྲུབ་བྱེད་པ་དང་། སྟོབས་ཤུགས་ཡོད་དགུ་བཏོན་ནས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བྱ་བ་གཙོ་བོ་སྣ་ཚོགས་བཟང་བོར་སྒྲུབ་པ། སྟོབས་ཤུགས་ཡོད་དགུ་བཏོན་ནས་གྲོང་ཁྱེར་དོ་དམ་གྱི་ལས་འགན་སྣ་ཚོགས་བཟང་བོར་བསྒྲུབ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཡུལ་ཤུལ་གསར་བ་འཛུགས་སྐྲུན་བཟང་བོ་བྱེད་དགོས་པར་མ་ཟད། གྲོང་ཁྱེར་གསར་བར་དོ་དམ་བཟང་བོ་དང་བདག་སྐྱོང་བཟང་བོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཉིན་གཉིས་ཀྱི་རིང་ལ། ཧའོ་ཕུན་རྒྱལ་ལམ214བརྒྱུད་དེ་སྤྱི་ལེ་བརྒྱད་བརྒྱ་ལྷག་ལ་སོང་བ་དང་། དཀའ་ཁག་ལ་མི་འཛེམས་པར། ཚེས་ཉེར་བརྒྱད་ཉིན་གྱི་དགོང་མོ་དང་ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར་ཡང་བསྐྱར་སྐྱེ་རྒུ་གྲོང་བརྡལ་གྱི་སྟག་སྡེར་རི་རྩེ་དང་སྡོད་དམངས་གཞིས་ཁུལ། སྤྱི་པའི་སྒྲིག་ཆས་གཙོ་བོ་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་བཅས་སུ་སོང་སྟེ། བཟོ་སྐྲུན་ལག་བསྟར་བྱེད་པ་དང་ལས་གཞི་བདག་གཉེར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

ས་འགུལ་གནོད་འགོག་རྒུད་སྐྱོབ་རྗེས་དྲན་ཁང་དང་གེ་སར་ཐང་ཆེན། རྟེན་མཛོད་ཁང་། ཁམས་པའི་སྒྱུ་རྩལ་ལྟེ་གནས། རྟ་རྒྱུག་ཐང་སོགས་ནས་ཧའོ་ཕུན་གྱིས་བཟོ་སྐྲུན་གྱི་འགན་ཁུར་མི་སྣའི་མཚམས་སྦྱོར་ལ་ཞིབ་ཏུ་ཉན་པ་དང་། བཟོ་སྐྲུན་གྱི་སྤུས་ཚད་དང་། ཡོངས་འགྲུབ་བྱེད་པའི་དུས་ཚོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ཁོས་ཞིང་ཆེན་ཡུལ་དངོས་བཀོད་འདོམས་པུའུ་དང་ཡུལ་ཤུལ་ཁུལ། རོགས་སྐྲུན་ལས་ཁུངས་བཅས་ཀྱི་འགན་ཁུར་བར་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། བཟོ་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དུས་ཚོད་དམ་འཛིན་བྱས་ནས་མཇུག་བསྡུའི་ལས་འགན་དུས་ལྟར་ཡོངས་འགྲུབ་བྱེད་དགོས་ཞེས་ནན་གྱིས་བཤད།

ཧའོ་ཕུན་གྱིས་ཡུལ་ཤུལ་གསར་བར་དོ་དམ་དང་བདག་སྐྱོང་བཟང་བོ་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཁོས་བཤད་རྒྱུར། ལོ་གསུམ་གྱི་རིང་ལ་དཀའ་སྤྱད་འབད་འཐབ་བྱས་ནས། ཡུལ་ཤུལ་གསར་བའི་རྨང་གཞིའི་སྒྲིག་ཆས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ད་ལྟ་གྲོང་ཁྱེར་དེར་དོ་དམ་བཟང་བོ་དང་བདག་སྐྱོང་བཟང་བོ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བའི་ལས་འགན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེར་ཧ་ཅང་མཐོང་ཆེན་བྱེད་ཀི་ཡོད་པར་མ་ཟད། སྟོབས་ཤུགས་ཡོད་དགུ་བཏོན་ནས་ཡུལ་ཤུལ་གྲོང་ཁྱེར་གསར་བའི་དོ་དམ་དང་བདག་སྐྱོང་བྱ་བར་རོགས་སྐྱོར་བྱེད་རྒྱུ་ཡིན་ལ། ཡུལ་ཤུལ་ཁུལ་གྱིས་ཀྱང་ལས་འགན་གཙོ་བོ་འཁུར་ཏེ། སྟོབས་ཤུགས་དང་ཐོན་ཁུངས་གཅིག་ཏུ་བསྡུ་པ་དང་། རྒྱ་ཆེའི་མང་ཚོགས་སྐུལ་སློང་བྱས་ནས། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་གཞུང་འཛུགས་ལས་གཞིར་ཁག་ཐེག་བྱེད་པ་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་ཆས་རྒྱུན་ལྡན་སྒོས་བཀོལ་སྤྱོད་བྱེད་པ་ནས་མགོ་བརྩམས་ཏེ། གྲོང་ཁྱེར་གསར་བ་དེ་ཚན་རིག་ལྟར་དོ་དམ་དང་བདག་སྐྱོང་བཟང་བོ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག