མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕིན་གྱིས་ཟི་ལིང་གི་རྒྱལ་སྟོན་དུས་ཆེན་སྐབས་ཀྱི་ཚོང་རར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:30

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་ཟི་ལིང་གྲོང་ཁྱེར་གྱི་ཐའེ་ཧི་ཡོན་སྡོད་ཁུལ་གྱི་སྔོ་ཚོད་ཐད་ཚོང་ཁང་དང་། ཞིན་ཉིན་ཐང་ཆེན་གྱི་བཞི་མདོ་ཆེན་མོའི་སྣ་མང་ཚོང་ཁང་། ཧའེ་ཧུའུ་ལམ་སྔོ་ཚོད་སྡེབ་ཚོང་ཚོང་ར་སོགས་སུ་རྟོག་ཞིབ་བྱེད་དུ་སོང་བར་མ་ཟད། ཚོང་ར་འཕེལ་རྒྱས་དང་། དངོས་གོང་གཏན་འཇགས་དང་ཚོད་འཛིན་བྱེད་པའི་ཐད་ནས་རེ་བ་བཏོན།

ཐའེ་ཧི་ཡོན་སྡོད་ཁུལ་གྱི་སྔོ་ཚོད་ཐད་འཚོང་ཁང་དང་ཆིས་ཞང་སྲང་ཞིང་ལས་རྒྱུ་ཆའི་ཚོང་ར། ཞིན་ཉིན་ལམ་གྱི་བཞི་མདོ་ཆེན་མོའི་སྣ་འཛོམས་ཚོང་ཁང་། ཧའེ་ཧུའུ་ལམ་གྱི་སྔོ་ཚོད་སྡེབ་ཚོང་ཚོང་ར་བཅས་སུ་རྟོག་ཞིབ་བྱེད་སྐབས། ཧའོ་ཕིན་གྱིས་ཐེངས་མང་པོར་འགྲོ་མཚམས་བཞག་ནས་སྔོ་ཚོད་འཚོང་མཁན་དང་ཤ་འཚོང་མཁན་གྱི་ཚོང་བར་སྔོ་ཚོད་ཐོན་ཁུངས་ས་ཆ་དང་རིགས་སྣ། རིན་གོང་། ཉོ་ཚོང་། གསོག་ཉར་གྱི་གནས་ཚུལ་གསལ་བོར་དྲིས་པར་མ་ཟད་ཁོ་ཚོ་དང་ཁ་བརྡ་བྱས། ཧའོ་ཕིན་གྱིས་ཁོ་དང་མཉམ་དུ་རྟོག་ཞིབ་བྱེད་བཞིན་པའི་འབྲེལ་ཡོད་འགན་ཁུར་བར་གོང་བདེ་ཚོང་ཁང་འཛུགས་སྐྲུན་དང་ལྟ་སྐུལ་དོ་དམ་ལ་མཐོང་ཆེན་བྱས་ནས། དངོས་གོང་གཏན་འཇགས་དང་ཚོད་འཛིན་བྱེད་པའི་གོ་རིམ་ཁྲོད་དུ་གོང་བདེ་ཚོང་ཁང་གི་ནུས་བ་བཟང་བོ་འདོན་སྤེལ་བྱས་ཏེ། མང་ཚོགས་མང་པོར་ཁེ་ཕན་བསྐྲུན་དགོས་བའི་རེ་བ་བཏོན་པར་མ་ཟད། འབྲེལ་ཡོད་ཀྱི་འགན་ཁུར་བས་དངོས་གོང་གཏན་འཇགས་དང་ཚོད་འཛིན་བྱ་བར་མཐོང་ཆེན་བྱས་ནས་ནམ་ཡིན་ཡང་མང་ཚོགས་ཀྱིས་འཚོ་བ་དེ་གོ་གནས་དང་པོར་འཇོག་དགོས་ཞེས་བཤད། ཧའོ་ཕིན་གྱིས་ད་དུང་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་གིས་ཚོང་རའི་སྒྲིག་ལམ་ལེགས་སྒྲིག་བྱེད་པ་དང་ཚོང་རའི་རིན་གོང་གཏན་འཇགས་སུ་གཏོང་བ། མི་སྒེར་གྱི་ཚོང་ཁང་ལ་ཞབས་ཞུ་སྒྲུབ་པ་སོགས་ཐད་ཀྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས།

རྟོག་ཞིབ་བྱེད་སྐབས། ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། དངོས་གོང་གཏན་འཇགས་སུ་གཏོང་བ་དང་ཚོད་འཛིན་བྱེད་པ་ནི་དམངས་འཚོ་དང་འབྲེལ་བའི་འཆར་འགོད་ཆེན་པོ་ཡིན་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་ལྷག་པར་དུ་ཟི་ལིང་གྲོང་ཁྱེར་གྱིས་ད་ལྟར་རྐང་འཛུགས་པ་དང་མ་འོངས་བར་རྒྱང་བལྟ་བྱེད་པ་དང་། ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་དང་ཐབས་མང་མཉམ་སྤྱོད་བྱེད་པ། ཐོན་སྐྱེད་པ་དང་ཚོང་གཉེར་བ། འཛད་སྤྱོད་པ་སོགས་མི་ཚོགས་མི་འདྲ་བའི་ཁེ་ཕན་ལ་བསམ་བློ་གཏོང་བ་བཅས་བྱས་ནས། སྔོ་ཚོད་བཟོ་སྐྲུན་སྔར་ལས་བཟང་བོར་སྤེལ་བ་དང་གོང་བདེ་ཚོང་ཁང་གི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། མགོ་གཡོག་མགོ་སྐོར་དང་གང་འདོད་དུ་དངོས་གོང་ཇེ་མཐོར་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་པ་བཅས་བྱས་ཏེ། དངོས་གོང་འོས་འཚམ་གྱི་ཚད་ཐིག་ཏུ་ཚོད་འཛིན་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་གྱིས་མཉམ་དུ་རྟོག་ཞིབ་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག