མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་བཙོན་ཁང་ཁོངས་གཏོགས་ཀྱི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:25

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ཡི་ཏུང་ཁྲོན་བཙོན་ཁང་དང་ཞི་ཁྲོན་བཙོན་ཁང་དུ་སོང་སྟེ། བཙོན་ཁང་གི་ཐོན་སྐྱེད་དང་འཚོ་བ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་མ་ཟད། བཙོན་ཁང་གི་དོ་དམ་བདེ་འཇགས་དང་བསྒྱུར་བཀོད་བྱ་བར་རྟོག་ཞིབ་བྱས།

ཀྲང་ཀོང་རོང་གིས་ནན་གྱིས་བཤད་རྒྱུར། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་བརྟན་པོར་བཅངས་ཏེ། འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས་པར་མ་ཟད། སློབ་གསོ་དང་བསྒྱུར་བཀོད་བྱ་བའི་སྤུས་ཚད་སྔར་ལས་མཐོར་འདེགས་སུ་གཏོང་བར་དམིགས་ཏེ། བྱ་བ་མཐའ་དག་ཁྱོན་ཡོངས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་པ། ཁྱོན་ཡོངས་ལ་ཁག་ཐེག་བྱེད་དུ་འཇུག་དགོས། མཚོ་སྔོན་བཙོན་ཁང་གི་འཕེལ་རྒྱས་ནི་མི་རབས་འགས་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པས། ངེས་པར་དུ་རྣམ་པ་དེ་ཇེ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར།

ཀྲང་ཀོང་རོང་གིས་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་བཙོན་ཁང་གི་དོ་དམ་དང་བསྒྱུར་བཀོད་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་། སྟོབས་ཤུགས་ཡོད་དགུས་བཙོན་གྲོལ་བཏང་བའི་མི་སྣར་བཀོད་སྒྲིག་དང་སློབ་གསོ་གཏོང་བའི་བྱ་བ་བཟང་བོ་བསྒྲུབ་དགོས་པར་མ་ཟད། སྤྱི་ཚོགས་ཀྱི་ཐོན་ཁུངས་ལ་བརྟེན་པ་དང་ནུས་ལྡན་བྱེད་ཐབས་བེད་སྤྱད་དེ། ཁོ་ཚོའི་དམངས་འཚོའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པའི་རེ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག