མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ཞའོ་ཡུང་གིས་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རིམ་ལ་ཞབས་ཞུའི་བྱ་བ་སྒྲུབ་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:15

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཝང་ཞའོ་ཡུང་ཞིང་ཆེན་རྩིས་བཤེར་ཐིན་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། ཀོས་ནན་རྫོང་མང་ཆུ་གྲོང་བརྡལ་མདའ་བཞི་སྡེ་བ། ཁྲི་ཀ་རྫོང་ཧི་དབྱིན་གྲོང་བརྡལ་ཀུའུ་ཁྲིན་སྡོད་ཁུལ། ནུབ་རྒྱུད་གཏེར་ལས་ཚད་ཡོད་འགན་འཁྲི་ཀུང་ཟི་སོགས་ལས་ཁུངས་དང་ས་ཁུལ་དུ་སོང་སྟེ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རིམ་ལ་ཞབས་ཞུའི་བྱ་བ་བསྒྲུབས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

རྟོག་ཞིབ་བྱེད་སྐབས། ཝང་ཞའོ་ཡུང་ས་གང་དུ་ཐོན་ཚེ། ས་དེའི་མང་ཚོགས་དང་བཞུགས་མོལ་དང་ཁ་བརྡ་བྱས་ནས། ཞིབ་དཔྱོད་བྱ་བའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་པར་མ་ཟད། ཟླ་བཅུ་བའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་དབང་ཆར་བརྟེན་ནས་ནག་ཉེས་བཟོ་བའི་སྔོན་འགོག་སྲོལ་ཡིག་དྲིལ་སྒྲོག་བྱས།

ཝང་ཞའོ་ཡུང་གིས་བཤད་རྒྱུར། རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་གཞི་རིམ་ཀྱི་སྤྱི་ཚོགས་དོ་དམ་གསར་སྐྲུན་བྱེད་པ་དང་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་བྱ་འགུལ་ཁྲོད་ཞུགས་སྐབས། སྤྱི་ཚོགས་ཀྱི་གནས་ཚུལ་དང་མང་ཚོགས་རེ་བར་རྒྱུས་ལེན་གསལ་བོ་བྱེད་པ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་ལ་དོ་སྣང་བྱས་ཏེ། སྟོབས་ཤུགས་ཡོད་དགུས་སྤྱི་ཚོགས་ཀྱི་འགལ་བ་ཐག་གཅོད་བྱེད་དགོས་པར་མ་ཟད། མང་ཚོགས་བར་གྱི་འབྲེལ་འདྲིས་ལ་ཤུགས་བསྣན་ཏེ། དམངས་འཚོའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཞིབ་དཔྱོད་བྱ་བའི་གཞི་རིམ་དང་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་གཞིར་འཛིན་སར་བརྩིས་ནས། ཁྲིམས་ལུགས་ལྟ་སྐུལ་གྱི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་རེ་བ་བཏོན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག