མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་མགོ་ཁྲིད་རྡོ་རྗེ་མཁར་གྱི་ཕ་མར་འཚམ་འདྲི་བྱེད་དུ་སོང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-02 14:14

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་ཝང་ཞོན་ཉེ་སྔོན་ཆུར་ལྷུང་བའི་ཧུའུ་པེའི་རྒྱ་རིགས་བུ་མོ་ཞིག་སྐྱོབ་ཆེད་རང་སྲོག་བློས་བཏང་བའི་བོད་རིགས་གཞོན་ནུ་རྡོ་རྗེ་མཁར་གྱི་ཁྱིམ་དུ་སོང་ནས། ཁོའི་ཕ་མ་གཉིས་དང་གཉེན་འབྲེལ་རྣམས་ལ་འཚམ་འདྲི་བྱས།

ཝང་ཞོན་གྱིས་རྡོ་རྗེ་མཁར་གྱིས་ཚེ་སྲོག་བློས་བཏང་བར་མྱ་ངན་ཞུས་པ་དང་། ཁོའི་ཕ་མ་དང་གཉེན་འབྲེལ་རྣམས་ལ་བརྩེ་བའི་ངང་འཚམ་འདྲི་བྱས། ཝང་ཞོན་གྱིས་རྡོ་རྗེ་མཁར་གྱི་གཞན་སྲོག་སྐྱོབ་ཆེད་རང་སྲོག་བློས་བཏང་བའི་བླ་མེད་བྱ་སྤྱོད་ཀྱིས་མཚོ་སྔོན་མི་དམངས་དང་བོད་རིགས་མི་དམངས་ལ་གཟི་བརྗིད་བསྐྲུན་པས། ཁོའི་ཡུན་ཐུང་གི་མི་ཚེ་ནི་གཟི་བརྗིད་ཀྱིས་ཁེངས་བའི་མི་ཚེ་གཅིག་རེད་ཅེས་བཤད་ཆོག་ཆོག་ཡིན་ལ། ཁོའི་དགེ་རྒན་གྱི་ལས་ཀ་གཉེར་བཞིན་པའི་ཨ་ཕས་དཔེ་ཁྲིད་མི་སྐྱོང་བྱེད་ཀྱིན་ཡོད་པར་མ་ཟད། ད་དུང་ཕུལ་དུ་བྱུང་བའི་བུ་ཕྲུག་ཅིག་ཀྱང་སྐྱེད་བསྲིང་བྱས་ཡོད་པ་དང་། རྡོ་རྗེ་མཁར་གྱིས་མི་གཞན་གྱི་ཚེ་སྲོག་ཉེན་ཁར་ཐུག་པའི་སྐབས་སུ། དཔའ་ངར་ཞུམ་མེད་ཀྱིས་གཞན་སྲོག་སྐྱོབ་ཆེད་རང་སྲོག་བློས་བཏང་བའི་བླ་མེད་གཤིས་སྤྱོད་ལ་དགེ་སློབ་ཡོངས་ཀྱིས་སློབ་སྦྱོང་བྱེད་འོས་ཞེས་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག