མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བ་དེ་ཟླ9བའི་ཚེས30ཉིན་དངོས་སུ་ལས་མགོ་བརྩམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:50

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ9བའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་གྱི་ལོ་རྒྱུས་སྟེང་མ་དངུལ་བཏང་བ་ཆེས་མང་བའི་སློབ་གསོའི་ལས་གཞི་གཙོ་བོ་སྟེ་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བ་དེ་ཟི་ལིང་གྲོང་ཁྱེར་ནས་དངོས་སུ་ལས་མགོ་རྩོམ་པའི་རྨང་བཏིངས། ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་ལས་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་ལས་གཞིའི་རྨང་བཏིངས།

མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་གཏོགས་པའི་དགེ་ཐོན་སློབ་གྲྭ་ཆེན་མོ་ཁོ་ན་རེད། ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོས་མཚོ་སྔོན་ཞིང་ཆེན་དང་ནུབ་རྒྱུད་ས་ཁུལ་དུ་ཕུལ་བྱུང་དགེ་རྒན་དང་ཤེས་ལྡན་མི་སྣ་སྣ་མང་སྐྱེད་སྲིང་བྱས། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་སྒྲུབ་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དུ་སོང་བ་དང་བསྟུན་ནས། ད་ལྟ་སློབ་གྲྭའི་རྒྱ་ཁྱོན་ཆུང་བ་དང་སློབ་སྒྲུབ་གཅིག་གྱུར་མིན་པ། སྒྲིག་ཆས་རྙིང་བ་བཅས་རྐྱེན་གྱིས་སློབ་གྲྭ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བ་དང་སློབ་སྒྲུབ་ཆུ་ཚད་མཐོ་བའི་སློབ་གྲྭ་ཆེན་མོ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པར་ཚོད་འཛིན་ཐེབས་ཡོད།

2010ལོའི་ལོ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བ་འཛུགས་སྐྲུན་བྱེད་རྒྱུ་དང་། སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། སློབ་གྲྭ་ཆུང་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱེད་རྒྱུའི་ཐག་བཅད། ལས་གཞི་མགོ་བརྩམས་པ་ལས་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་ལས་དོན་ལ་འཕེལ་རྒྱས་གསར་བ་འབྱུང་བཞིན་པ་མཚོན་ཡོད། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བའི་ལས་གཞི་ཇུས་འགོད་བྱས་པའི་སྤྱིའི་རྒྱ་ཁྱོན་ལ་མུའུ་སྟོང་གཅིག་དང་སུམ་བརྒྱ་ལྷག་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་བྱེ་བ་དགུ་གཏོང་རྒྱུ་རེད། ལས་གཞི་ལས་གྲུབ་རྗེས་སློབ་མ་ཁྲི་གཅིག་ལྷག་གིས་དེར་སློབ་སྦྱོང་བྱེད་ཐུབ་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་ཐོན་ཁུངས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཟི་ལིང་གྲོང་ཁྱེར་མྱུར་དུ་འཕེལ་རྒྱས་སུ་གཏོང་ཐུབ།

མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་སོ་སོ་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། དགེ་སློབ་ཀྱི་འཐུས་མི། བཟོ་སྐྲུན་ལས་ཁུངས་ཀྱི་འཐུས་མི་སོགས་ཉིན་དེའི་ལས་གཞི་མགོ་རྩོམ་པའི་མཛད་སྒོར་ཞུགས།


མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བའི་ལས་གཞི་མགོ་རྩོམ་པའི་མཛད་སྒོའི་ཡུལ་དངོས།

འབྲེལ་ཡོད་ཕྱོགས་ཀྱི་མགོ་ཁྲིད་དང་དགེ་སློབ་ཀྱི་འཐུས་མིས་ལས་གཞི་གསར་བའི་རྨང་བཏིངས་པ།

མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་ཁུལ་གསར་བའི་ཇུས་འགོད་རི་མོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག