མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་བཅས་ཀྱིས་དམངས་གཙོ་འཚོ་བའི་ཆེད་དོན་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:40

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས25ཉིན་ནས་ཚེས28ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་མགོ་ཁྲིད་ཚན་ཆུང་གིས་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་སྡེའི་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་བཅས་ཀྱིས་སོ་སོར་སྔོན་དུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོད་ལྟའི་གྲོས་ཚོགས་བསྡུས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཆེད་དམངས་གཙོ་འཚོ་བའི་གྲོས་ཚོགས་སུ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ནོར་སྲིད་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་ཁྲིན་ལིས་ཧྭ་ཞིང་ཆེན་ནོར་སྲིད་ཐིན་གྱི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སུ་ཞུགས། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་དང་ཞིང་ཆེན་ཏང་ཨུའི་སློབ་གསོ་ལག་ལེན་བྱ་འགུལ་གཞུང་སྒྲུབ་ཁང་ཚོད་ལྟའི་བྱ་བའི་མཛུབ་སྟོན་ཚན་ཆུང་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཚོགས་འདུར་མཛུབ་སྟོན་བྱས།

རྒྱུ་སྤུས་མཐོ་བའི་དམངས་གཙོ་འཚོ་བའི་གྲོས་ཚོགས་བསྡུས་པ་བརྒྱུད་ནས། ཚང་མས་བསམ་བློ་བརྗེ་རེས་ཁྲོད་དུ་ངོས་ཟིན་ཇེ་མཐོ་དང་ཐུན་མོང་གི་ལྟ་ཚུལ་བྱུང་བར་མ་ཟད། རྗེས་ཕྱོགས་ཀྱི་འབད་བརྩོན་ཁ་ཕྱོགས་དང་བཅོས་བསྒྱུར་གྱི་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་པ་དང་། གོམ་པ་རྗེས་མའི་དག་ཐེར་ལེགས་བསྒྱུར་དང་མཐོར་འདེགས་སུ་གཏོང་བ་དང་། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་བྱ་བའི་ཁ་ཕྱོགས་དང་གཙོ་གནད་རྙེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཞིང་སྡེ་ཡིད་རྟོན་མཉམ་འབྲེལ་དངུལ་ཁང་བཅས་ལས་ཁུངས་གསུམ་པོས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དང་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་གི་ཞིབ་བཤེར་ཁྲོད་རྙེད་པའི་གནད་དོན་ལ་ཁ་གཏད་ནས་དག་ཐེར་ལེགས་བསྒྱུར་གྱི་ལས་འགན་ཡི་གེ་དང་དུས་ཚོད་རེའུ་མིག་བཟོས་ནས། དག་ཐེར་ལེགས་བསྒྱུར་བཟང་བོ་བྱས།

ཝང་ལིན་ཅོན་གྱིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་གྲོས་ཚོགས་སྟེང་བསྟན་དོན། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་ཡོངས་རྫོགས་ཀྱིས་ཤུགས་འདོན་ཚད་ཇེ་ཆུང་དུ་མི་གཏོང་བ་དང་ཚད་གཞི་ཇེ་དམའ་རུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས། སློབ་གསོ་ལག་ལེན་བྱ་འགུལ་གྱི་ལས་འགན་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། རང་འགུལ་གྱིས་སློབ་གསོ་ལག་ལེན་བྱ་འགུལ་རྒྱུན་བསྲིང་ནས་སྤེལ་བ་དང་མགོ་མཇུག་ཡོད་པར་བྱེད་པའི་སྟེང་མིག་དཔེར་ལྟ་ས་བྱེད་དགོས་པ་དང་། ཁ་བཤད་ལག་ལེན་དང་ནོར་བཅོས་བྱེད་པའི་སྟེང་མིག་དཔེར་ལྟ་ས་བྱེད་པ། རང་འགུལ་གྱིས་ཆེད་དོན་དག་ཐེར་ལེགས་སྒྲིག་དང་གནད་དོན་ཐག་གཅོད་པའི་སྟེང་མིག་དཔེར་ལྟ་ས་བྱེད་པ། རང་འགུལ་གྱིས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་མགོ་ཁུངས་ནས་བདག་སྐྱོང་བྱེད་པའི་སྟེང་ནས་མིག་དཔེར་ལྟ་ས་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག