མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་མཚོ་ནུབ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-01 11:32

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས23ཉིན་ནས་ཚེས26ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་མཚོ་ནུབ་ཁུལ་དུ་སོང་སྟེ་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ། དྲག་ཆས་ཉེན་རྟོག་དཔོན་དམག གཞི་རིམ་གྱི་ལས་བྱེད་པ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། སྲིད་ཁྲིམས་ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་འཇགས་སྲུང་སྐྱོབ་བྱ་བར་རྟོག་ཞིབ་བྱས།

ཀྲང་ཀོང་རོང་སྔ་གཞུག་ཏུ་བུའུ་ལན་རྫོང་ཁི་ཁི་གྲོང་བརྡལ་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་ཅུའུ། རྒྱལ་ཁབ་བདེ་འཇགས་ཅུའུ། གཏེར་ལིན་ཁ་གྲོང་ཁྱེར་གྱི་སྤྱི་ཚོགས་ཞབས་ཞུའི་དོ་དམ་ཕྱོགས་བསྡུས་བཀོད་འདོམས་ལྟེ་གནས། གྲོང་ཁྱེར་ཞིབ་དཔྱོད་ཁང་སོགས་ལ་སོང་སྟེ། གཞི་རིམ་གྱི་སྲིད་ཁྲིམས་ཀྱི་བྱ་བ་དང་སྤྱི་ཚོགས་དོ་དམ་གསར་བསྐྲུན་བྱ་བ། ལྕགས་ལམ་བདག་སྐྱོང་བྱ་བ་བཅས་ལ་རྒྱུས་ལོན་བྱས།

ཀྲང་ཀོང་རོང་གིས་ནན་གྱིས་བསྟན་དོན། བརྟན་འཇགས་སྲུང་སྐྱོབ་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་དགོས། མཚོ་ནུབ་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་དུ་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་བརྟན་འཇགས་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་པའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། བརྟན་འཇགས་མིན་པའི་རྒྱུ་རྐྱེན་རྦད་ཆོད་སྒོས་བཀག་འགོག་བྱས་ཏེ། ཁྱོན་ཡོངས་ཀྱི་བརྟན་འཇགས་ལ་ཧུར་ཐག་སྒོས་སྲུང་སྐྱོབ་བྱེད་དགོས་པར་མ་ཟད། གཞི་རིམ་དང་རྨང་གཞིའི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་། ས་ཁོངས་བར་དང་ལས་ཁུངས་བར་གྱི་མཉམ་ལས་ལ་ཤུགས་བསྣན་ཏེ། གནས་ཚུལ་དུས་ཐོག་ཏུ་འབྲེལ་འདྲིས་དང་བརྗེ་རེས་བྱེད་པ་དང་། བྱ་བའི་སྟོབས་ཤུགས་ཆགས་པར་བྱས་ནས། ས་ཁུལ་གྱི་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག