མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཱ་ཧྲུན་ཆིན་གྱིས་མགོ་ལོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-29 10:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས26ཉིན་ནས་ཚེས27ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཧྲུན་ཆིན་སོགས་ཀྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་གཙོ་བོ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ནས་མགོ་ལོག་གནམ་གྲུ་ཐང་དང་། མར་ཐང་ཆུ་གློག་ས་ཚིགས། གློག་དྲ་འཛུགས་སྐྲུན་བཅས་འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་གྲོས་བསྡུར་བྱས།

རྟོག་ཞིབ་བྱེད་སྐབས། མཱ་ཧྲུན་ཆིན་སོགས་ཀྱིས་མགོ་ལོག་གནམ་གྲུ་ཐང་དང་མར་ཐང་ཆུ་གློག་ས་ཚིགས་ལས་གཞི་དང་ར་རྒྱ་གྲོང་བརྡལ་ཆུང་བ་འཛུགས་སྐྲུན་བྱེད་པའི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་མ་ཟད། ཁུལ་དང་རྫོང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་ལས་གཞི་འཛུགས་སྐྲུན་ལས་ཁུངས་བཅས་དང་གནས་ཚུལ་བརྗེ་རེས་དང་རྒྱུས་ལོན་བྱས་པར་མ་ཟད། གནད་དོན་ཐག་གཅོད་བྱེད་ཐབས་ལ་ཞིབ་འཇུག་བྱས། མཱ་ཧྲུན་ཆིན་གྱིས་བཤད་རྒྱུར། ད་ལོར་མགོ་ལོག་ཁུལ་གྱིས་སྲིད་ཇུས་དང་གོ་སྐབས་དམ་པོར་བཟུང་སྟེ། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་རྒྱུ་གཙོ་བོར་བཟུང་བ་དང་། སྤྱི་ཚོགས་བརྟན་འཇགས་དང་དཔལ་འབྱོར་འཕེལ་རྒྱས་གཉིས་མཉམ་དུ་བཟུང་སྟེ། སྟོབས་ཤུགས་ཡོད་རྒུས་མ་དངུལ་གཏོང་བ་དང་ལས་གཞི་འཛིན་པར་སྐུལ་འདེད་བཏང་ནས། ནུས་ཁུངས་དང་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་ཆས་གཙོ་བོ་འཛུགས་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཏེ། དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་བཏང་ཡོད་ཟེར།

མཱ་ཧྲུན་ཆིན་གྱིས་མགོ་ལོག་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ལོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་སྤྱིའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། མགོ་ལོག་ཁུལ་དེ་ཞིང་ཆེན་ཡོངས་ཀྱི་གསར་བ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཁུལ་གསུམ་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གོ་གནས་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། རང་ཉིད་ཀྱི་ཁྱད་སྟོབས་དང་འཕེལ་རྒྱས་ཀྱི་གོ་གནས་ལ་ངོས་འཛིན་གང་ལེགས་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་རྒྱུ་གོ་གནས་དང་པོར་བཞག་སྟེ། འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་དམིགས་འབེན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག