མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣར་གནས་སྐོར་ལས་དོན་འཕེལ་རྒྱས་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱེད་པའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-29 10:39

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣར་གནས་ཚུལ་ཁྱབ་སྒྲོག་བྱེད་པའི་ཚོགས་འདུ་བསྡུས་ཏེ། ཟི་ལིང་ས་ཁུལ་གྱི་དམངས་གཙོ་ཏང་ཁག་སོ་སོ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ལ་མཚོ་སྔོན་གྱི་གནས་སྐོར་ལས་དོན་འཕེལ་རྒྱས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་ཁྱབ་སྒྲོག་ཚོགས་འདུར་མགོ་འཛིན་བྱས། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་དང་མཱ་ཀྲི་ཝེ་གཉིས་གྲོས་ཚོགས་སུ་ཞུགས། ཞིང་ཆེན་གནས་སྐོར་ཅུའུ་ཡིས་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས།

ཚོགས་འདུར་ཞུགས་པའི་ཏང་ཕྱིའི་མི་སྣས་གཅིག་རྗེས་གཉིས་མཐུད་སྒོས་གཏམ་བཤད་དེ། མཚོ་སྔོན་གྱི་གནས་སྐོར་ལས་དོན་འཕེལ་རྒྱས་དེས་ཐོན་ལས་ཀྱི་འདུ་ཤེས་བསྒྱུར་བ་དང་། གནས་སྐོར་ཁེ་ལས་ཀྱི་ཐོན་རྫས་གསར་སྐྲུན་དང་ཚོང་ར་གསར་གཏོད་བྱེད་པ། ཁྱད་ཆོས་གནས་སྐོར་ཁེ་ལས་མཚོ་སྔོན་དུ་ནང་འདྲེན་བྱེད་པ་བཅས་ཐད་དུ་འབད་པ་བྱེད་དགོས་ལ། མཚོ་སྔོན་མཐོ་རིམ་སློབ་གྲྭ་ཆེན་མོའི་གནས་སྐོར་ཆེད་ལས་ཀྱིས་མཚོ་སྔོན་གནས་སྐོར་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ས་ཁོངས་ཀྱི་ཁྱད་ཆོས་ལ་རྐང་བཙུགས་ཏེ། གནས་སྐོར་ཤེས་ལྡན་མི་སྣའི་དཔུང་སྡེ་ཧུར་ཐག་སྒོས་སྐྱེད་སྲིང་བྱེད་དགོས་པར་མ་ཟད། གནས་སྐོར་དང་རིག་གནས་གཉིས་ཟུང་འབྲེལ་དམ་པོ་བྱེད་པ་དང་། འབྲེལ་ཡོད་རོགས་སྐྱོར་སྲིད་ཇུས་གཏན་ལ་ཕབ་སྟེ། རྒྱལ་ཡོངས་ཀྱི་གནས་སྐོར་རིག་གནས་ཐོན་རྫས་དང་གནས་སྐོར་རྟེན་གཞི་གྲགས་ཅན་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་དགོས་པའི་གྲོས་གཞི་བཏོན།

ཚང་མས་གཏམ་བཤད་པར་ཞིབ་ཏུ་ཉན་རྗེས། ཀྲང་ཅན་མེན་གྱིས་བཤད་རྒྱུར། ཚོགས་ཞུགས་ཏང་ཕྱིའི་མི་སྣའི་གཏམ་བཤད་ཀྱིས་ང་ཚོར་སྐུལ་མ་ཐེབས་པས། ང་ཚོས་བསམ་འཆར་དང་གྲོས་གཞི་དེ་དག་ལ་ཞིབ་འཇུག་ནན་མོ་བྱེད་རྒྱུ་ཡིན་པར་མ་ཟད། ཕྱིན་ཆད་ཀྱི་བྱ་བའི་ཁྲོད་མུ་མཐུད་དུ་ལེགས་བཅོས་བྱེད་རྒྱུ་ཡིན། གོ་རིམ་རྗེས་མར་ང་ཚོས་མཚོ་སྔོན་གྱི་གནས་སྐོར་ལས་དོན་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། གནས་སྐོར་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། རིག་གནས་དང་གནས་སྐོར་གཉིས་ཟུང་འབྲེལ་དམ་པོ་བྱེད་རྒྱུ་ཡིན་པས། ཏང་ཕྱིའི་མི་སྣས་སྔར་ལྟར་ཏང་དང་སྲིད་གཞུང་ལ་རོགས་རམ་བྱས་ནས་ཕྱོགས་དེའི་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། རང་སོ་སོའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་གྱི་གནས་སྐོར་རྒྱུན་མཐུད་དང་བདེ་བླག མགྱོགས་མྱུར་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག