མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གསར་དུ་བཟོ་བཅོས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུ་འགོག་བཅོས་སྲོལ་ཡིག་དེ་སང་ལོའི་སྤྱི་ཟླ་དང་པོར་ལག་བསྟར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-29 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་ཞིབ་དང་གྲོས་འཆམ་བྱུང་བའི«མཚོ་སྔོན་ཞིང་ཆེན་གྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུ་འགོག་བཅོས་སྲོལ་ཡིག»དེ2014ལོའི་སྤྱི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། གསར་དུ་བཟོ་བཅོས་བྱས་པའི«སྲོག་ཡིག»དེས་ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུ་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་པར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་ཁྲིམས་སྲོལ་ཞིག་བཏོན།

གསར་དུ་བཟོ་བཅོས་བྱས་པའི«སྲོལ་ཡིག»ལ་བསྡོམས་པས་ལེའུ་ལྔ་དང་དོན་ཚན་ང་བདུན་ཡོད། «སྲོལ་ཡིག»དེས་ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུའི་གནས་ཚུལ་ལ་ཟུང་འབྲེལ་དམ་པོ་བྱས་ནས། ཉེ་བའི་ལོ་འགའི་རིང་གི་མཚོ་སྔོན་ཞིང་ཆེན་གྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུ་འགོག་བཅོས་བྱ་བའི་ཉམས་མྱོང་སྤྱི་བསྡོམས་བྱས་པའི་རྨང་གཞིའི་སྟེང་། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙོག་ཆུ་འགོག་བཅོས་བཅའ་ཁྲིམས»ཀྱི་གཏན་འཁེལ་གཞིར་བཟུང་སྟེ། ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུ་འགོག་བཅོས་བྱེད་པའི་དམིགས་ཡུལ་དང་ལྟ་སྐུལ་དོ་དམ། སྔོན་འགོག་བཅོས་སྐྱོང་། འཐུང་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་པ་སོགས་ཐད་ཀྱི་བྱ་བ་ཚད་ལྡན་དུ་བཏང་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག