མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་སྲིད་གྲོས་དང་ཅིག་སན་སློབ་ཚོགས་ཀྱི་རྟོག་ཞིབ་ཚན་ཆུང་གིས་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-28 11:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་ལྔ་ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་གྲོས་འདོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཅིག་སན་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལའེ་མེན་ཚོགས་གཙོ་ཡིན་པའི་རྒྱལ་ཡོངས་སྲིད་གྲོས་དང་ཅིག་སན་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཆེད་དོན་རྟོག་ཞིབ་ཚན་ཆུང་མཚོ་སྔོན་དུ་ཡོང་སྟེ། གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་པོའི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་གཞུང་སྒྲུབ་ཁང་དང་ཅིག་སན་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་པོའི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱེད་པའི་སྐོར་གྱི་གནས་ཚུལ་དང་གནས་པའི་དཀའ་ཁག ཕྱིན་ཆད་ཀྱི་བྱ་བའི་གྲོས་གཞི་བཅས་ཡར་ཞུ་བྱས་པར་ཉན་པར་མ་ཟད། སྐྱེ་ཁམས་ཁ་གསབ་ལམ་ལུགས་དང་མ་དངུལ་ལྟ་སྐུལ་ལམ་ལུགས། ཚན་རྩལ་རོགས་སྐྱོར་བྱེད་པ་བཅས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་བཟོ་སྐྲུན་དེ་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་དུས་དང་རྣམ་པ་ཀུན་ཏུ་ཐོག་མར་ཇུས་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ལམ་ལུགས་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ་དང་། ཚན་རྩལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པ་དེ་ཚན་རིག་ལྟར་འཕེལ་རྒྱས་སུ་གཏོང་བའི་བགྲོད་ལམ་དུ་བསྐྱོད་དེ། བཟོ་སྐྲུན་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱས་པར་མ་ཟད། ས་ཁུལ་དེའི་སྐྱེ་ཁམས་ཁོར་ཡུག་དང་རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་རོལ་སྟངས་བཅས་མངོན་གསལ་སྒོས་ཇེ་ལེགས་སུ་བཏང་ཡོད་ལ། རྒྱལ་ཁབ་ཀྱིས་གཙང་གསུམ་འབྱུང་ཡུལ་གྱི་དུས་སྐབས་དང་པོའི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་བ་དང་དུས་སྐབས་གཉིས་པའི་བཟོ་སྐྲུན་བདེ་བླག་ངང་མགོ་རྩོམ་པར་ཁག་ཐེག་བྱེད་རྒྱུ་དེ་བྱ་བ་གཙོ་བོར་བརྩིས་ཏེ་དམ་འཛིན་བྱེད་དགོས་པའི་གྲོས་གཞི་བཏོན།

མཚོ་སྔོན་ཞིང་ཆེན་གྱིས་བཏོན་པའི་གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་སྐབས་གཉིས་པའི་བཟོ་སྐྲུན་ལག་བསྟར་བྱེད་རྒྱུར་མྱུར་དུ་ཆོག་མཆན་འགོད་པ་དང་། ལོ་འཁོར་གྱི་ལས་གཞིའི་མ་དངུལ་སྔོན་ལ་གཏོང་བ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་གཏན་འཁེལ་བྱེད་པ། སྐྱེ་ཁམས་ཁ་གསབ་ལམ་ལུགས་དང་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ཡུན་རིང་ལ་གོ་ཆོད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཙང་གསུམ་འབྱུང་ཡུལ་གྱི་རྗེས་མཐུད་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་གྲོས་གཞིའི་ཐད་ནས། ་རྟོག་ཞིབ་ཚན་ཆུང་གིས་རྒྱལ་ཁབ་དང་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་ཡར་ཞུ་བྱས་ནས། གནད་དོན་དེ་དག་སྔ་མོ་ནས་ཐག་གཅོད་བྱེད་རྒྱུའི་ཚུལ་བསྟན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག