མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཟི་ལིང་ནས་གྲོལ་བ།

  ཡོང་ཁུངས། ལོ་ཙཱ་བ། ཞའོ་ཡན།  2013-09-28 11:31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པ་ཟླ་དགུ་བའི་ཚེས་ཉེར་བདུན་ཉིན་ཟི་ལིང་ནས་གྲོལ།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧུང་། དྲུང་ཡིག་ཆེན་མོ་ཚེ་ཏེ་ཀོས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞེ་བཞི་གྲོས་ཚོགས་སུ་ཞུགས་པས། བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་མི་གྲངས་དང་མཐུན། མཱ་ཝེ་ཡིས་མཇུག་བསྡུའི་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་སྟེང«མཚོ་སྔོན་ཞིང་ཆེན་གྱི་ཙོང་ཆུའི་བཞུར་རྒྱུད་ཀྱི་བཙོག་ཆུ་སྔོན་འགོག་སྲོལ་ཡིག་བཟོ་བཅོས་འཆར་ཟིན»་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པའི«ཟི་ལིང་གྲོང་ཁྱེར་འཛུགས་སྐྲུན་བཟོ་སྐྲུན་གྱི་ས་འགུལ་སྔོན་འགོག་རེ་བ་དང་ས་འགུལ་བདེ་འཇགས་རང་བཞིན་གྱི་གདེང་འཇོག་དོ་དམ་སྲོལ་ཡིག»སྐོར་གྱི་གྲོས་གཞིར་གྲོས་འཆམ་བྱུང་། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་དམངས་འཐུས་ཚོགས་ཆེན་སྐབས་དང་པོ་བསྡུ་བའི་སྐོར་གྱི་གནད་དོན་འགའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། འབྲེལ་ཡོད་མི་དོན་དོན་དག་ལ་གྲོས་འཆམ་བྱུང་།  

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི“ཕལ་ཆེར་གཉིས”ཀྱི་བྱ་བ་བཟང་བོར་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རྩ་གནད་ལག་བསྟར་གྱི་དུས་རིམ་འབྲིང་བའི་སྔོན་དཔག་སྙན་ཞུ། མཚོ་སྔོན་ཞིང་ཆེན་གྱི་གཏེར་ཁའི་ཐོན་ཁུངས་གཙོ་བོ་བཀོད་སྒྲིག་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་ད་རུང་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཞིང་ཕྱུགས་ཐིན་བཅས་ཀྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིས་བཏོན་པའི་གྲོས་གཞི་ཐག་གཅོད་བྱེད་པའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།

ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཏུང་ཁེ་ཅོན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཝང་ཞའོ་ཡུང་། མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས་གྲོས་ཚོགས་ལ་ཟུར་དུ་ཞུགས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག