མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཞིང་ཆེན་ཡོངས་ཀྱི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཟི་ལིང་ནས་ཚོགས་པ་དང་། མཱ་ཧྲུན་ཆིན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོར་བདམས་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-28 11:29

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཞིང་ཆེན་ཡོངས་ཀྱི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བརྒྱད་པ་ཚེས་ཉེར་བདུན་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་དང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གཞོན་པ་ཝང་རུའུ་ཕུན། ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་བཅས་ཚོགས་ཆེན་དུ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་གྲོས་ཚོགས་སུ་ཞུགས།

སུའུ་ཉིན་གྱིས་ནན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོར་དམ་པོར་དམིགས་ཏེ། གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་དང་རེ་བ་ཁོང་དུ་ཆུད་པར་བྱས་ནས། གནོད་སེལ་དང་རྒུད་སྐྱོབ། རོགས་སྐྱོར་བཅས་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་འགན་འཁྲི་ཧུར་ཐག་སྒོས་ལག་བསྟར་བྱས་ནས། གཞི་རིམ་དང་རྨང་གཞིའི་བྱ་བ་བཟང་བོར་བསྒྲུབ་སྟེ། དཀའ་ཁག་ཅན་གྱི་མང་ཚོགས་ལ་ཞབས་འདེགས་བཟང་བོ་ཞུ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱ་གྲམ་དམར་པོའི་ལས་དོན་འཕེལ་རྒྱས་སུ་གཏོང་བའི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས་ཟེར།

ཝང་རུའུ་ཕུན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་འགན་འཁྲི་ལག་བསྟར་ནན་མོ་བྱས་ནས། ཏང་དང་སྲིད་གཞུང་གི་མི་ཆོས་ཁྱབ་ཁོངས་ཀྱི་ལས་རོགས་པའི་ནུས་པ་ཧུར་ཐག་སྒོས་འདོན་སྤེལ་བྱས་པར་མ་ཟད། མི་ཆོས་ཞབས་ཞུ་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་འཛུགས་སྐྲུན་ཁྲོད་ཞུགས་པ་བཅས་ཐད་ལ་ནུས་པ་བཟང་བོ་བཏོན་པ་དང་། ཁྱད་པར་དུ་ཡུལ་ཤུལ་ས་འགུལ་གྱི་རྒུད་སྐྱོབ་དང་བསྐྱར་འཛུགས་བྱ་བའི་ཁྲོད་བྱས་རྗེས་བཟང་བོ་བཞག་ཡོད་ཟེར།

ཀའོ་ཡུན་ལུང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཕྱིན་ཆད་ཀྱི་བྱ་བའི་ཐད་ལ་རེ་བ་བཏོན།  

གྲོས་ཚོགས་སྟེང་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བརྒྱད་པའི་ལས་འཛིན་ཚོགས་པར་བདམས་ཐོན་བྱུང་། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བརྒྱད་པའི་ལས་འཛིན་གྲོས་ཚོགས་ཐེངས་དང་པོའི་སྟེང་མཱ་ཧྲུན་ཆིན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོར་བདམས་པ་དང་། སུང་ལིན་རྒྱུན་ལས་ཚོགས་གཙོར་བདམས་ལ། ཝུའུ་ཡུག་ཀྲིན་དང་ཚེ་རིང་སྒྲོལ་མ་གཉིས་ཚོགས་གཙོ་གཞོན་པར་བདམས།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག