མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུའུ་ཞི་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་ཟི་ལིང་ལ་བརྩེ་བ་ཡོད་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོའི་ཡིག་གཟུགས་དང་རི་མོའི་འགྲེམ་སྟོན་བྱ་འགུལ་ཟི་ལིང་ནས་སྤེལ་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-28 10:40

111.jpg

སྤྱི་ཟླ9བའི་ཚེས26ཉིན། ཀྲུའུ་ཞི་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་ཟི་ལིང་ལ་བརྩེ་བ་ཡོད་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོའི་ཡིག་གཟུགས་དང་རི་མོའི་འགྲེམ་སྟོན་བྱ་འགུལ་ཟི་ལིང་ནས་སྤེལ་བ་དང་། འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས་པའི་མགོ་ཁྲིད་པས་བྱ་འགུལ་མགོ་བརྩམས་པའི་དར་ཚོན་བཅད།

222.jpg
མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་གིས་རི་མོ་དང་ཡིག་གཟུགས་འགྲེམ་སྟོན་བྱ་འགུལ་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུའུ་ཞི་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བ་དང་། གསར་བརྗེ་རྒན་རབས་པའི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱེད་ཆེད། སྤྱི་ཟླ9བའི་ཚེས26ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཀྲུང་གོ་རིག་གནས་ཐོན་ལས་ཡར་སྐུལ་ཚོགས་པ། ཀྲུང་གོ་བརྒྱད་གཅིག་དམག་སྤྱིའི་ཐོབ་སྐར་གྱི་རི་མོ་དང་ཡིག་གཟུགས་གླིང་བཅས་ཀྱིས་མཉམ་འབྲེལ་སྒོས་ཀྲུའུ་ཞི་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་དང་ཉི་ཤུ་ལོན་པར་དྲན་གསོ་ཞུ་བའི་ཟི་ལིང་ལ་བརྩེ་བ་ཡོད་པའི་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་སྤྱི་ཆེན་མོའི་ཡིག་གཟུགས་དང་རི་མོའི་འགྲེམ་སྟོན་བྱ་འགུལ་ཟི་ལིང་ནས་སྤེལ།

    མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀའོ་ཡུན་ལུང་ཡིག་གཟུགས་དང་རི་མོའི་འགྲེམ་སྟོན་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་བྱ་འགུལ་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་སོགས་འབྲེལ་ཡོད་མགོ་ཁྲིད་པ་བྱ་འགུལ་མགོ་རྩོམ་པའི་མཛད་སྒོར་ཞུགས།

    ཤེས་གསལ་ལྟར་ན། ཐེངས་འདིའི་ཡིག་གཟུགས་དང་རི་མོའི་འགྲེམ་སྟོན་བྱ་འགུལ་སྤེལ་བའི་དུས་ཡུན་ཉིན་གསུམ་ཡིན་པ་དང་། འགྲེམ་སྟོན་སྟེང་བསྡོམས་པས་དམག་སྤྱི་ཆེན་མོའི་བརྩམས་ཆོས་ཉིས་བརྒྱ་ལྷག་འགྲེམ་སྟོན་བྱས་པ་དང་མཚོ་སྔོན་གྱི་རི་མོ་བ་དང་ཡིག་མཁན་གྱི་བརྩམས་ཆོས་དྲུག་ཅུ་ལྷག་འགྲེམ་སྟོན་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག