མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཝང་ལིན་ཅིན་གྱིས་གཞི་རིམ་དུ་སོང་ནས་བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བརྟན་སྲུང་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-28 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ལིན་ཅིན་གྱིས་ཞིང་ཆེན་དང་ཁུལ་རྫོང་བཅས་ཀྱི་ལས་བྱེད་པ་སྡེ་བ་ནས་བཅའ་སྡོད་བྱེད་པའི་སྐུལ་སློང་གསོ་སྦྱོང་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། གཞི་རིམ་དུ་སོང་སྟེ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པའི་ཁྲོད་སྦྱོང་བརྡར་བྱས་ཏེ་མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བརྟན་སྲུང་གི་ཐད་ལ་བྱས་རྗེས་གསར་བ་འཇོག་དགོས་པར་བསྟན།

ཝང་ལིན་ཅིན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུས་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ལས་བྱེད་པ་ཁ་གཏད་རོགས་སྐྱོར་སྡེ་བ་ནས་བཅའ་སྡོད་བྱས་ཏེ་རོགས་སྐྱོར་བྱ་འགུལ་སྤེལ་བ་ནི་ཞིང་ཆེན་ཏང་ཨུས་བོད་ཁུལ་གཞི་རིམ་གྱི་ནུས་པ་མི་འདང་བ་དང་ལས་བྱེད་པའི་དཔུང་སྡེ་སྒྲིག་གཞི་ལེགས་བཅོས་བྱེད་པའི་ཐད་བཏོན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཏང་གི་གཞི་རིམ་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བོད་ཁུལ་བཅོས་བསྒྱུར་འཕེལ་རྒྱས་བརྟན་བརླིང་ལ་སྐུལ་འདེད་བྱེད་པའི་དངོས་ཡོད་ཀྱི་བླང་བྱ་ཡིན་པ་དང་། སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས་སྔར་ལས་ལྷག་པའི་སྒོ་ནས་ལས་བྱེད་པའི་ཀུན་སྤྱོད་ལེགས་བཅོས་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པ་མ་ཟད་ལས་བྱེད་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་བྱེད་པའི་ཕྱི་རྐྱེན་གྱི་བླང་བྱ་ཡིན།

ཝང་ལིན་ཅིན་གྱིས་ནན་གྱིས་བསྟན་དོན། ལས་བྱེད་པ་མངག་གཏོང་བྱས་ནས་གཞི་རིམ་ལ་སློབ་སྦྱོང་དང་མང་ཚོགས་ལ་སློབ་སྦྱོང་བྱེད་དགོས་པ་དང་། དཀའ་ངལ་ལ་ཁ་གཏད་དེ་སྦྱོང་བརྡར་བྱེད་པ་དང་། སྣང་བརྙན་གསར་བ་བཙུགས་ནས་བྱ་སྤྱོད་ལེགས་བཅོས་བྱེད་དགོས་ལ། ཧུར་བརྩོན་གྱིས་བོད་ཁུལ་དཔལ་འབྱོར་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས་བོད་ཁུལ་གྱི་འཆམ་མཐུན་བརྟན་བརླིང་གི་བྱ་བའི་རྣམ་པར་སྲུང་སྐྱོང་བྱེད་དགོས། དམངས་འཚོ་ལེགས་བཅོས་བྱེད་པའི་ཁྲོད་མི་དམངས་མང་ཚོགས་བར་གྱི་བརྩེ་སེམས་གཏིང་ཟབ་ཏུ་བཏང་ནས་ཤུགས་ཆེན་པོས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཞབས་ཞུ་ནུས་པ་དང་བཙན་རྫོང་གི་བྱེད་ནུས་ཇེ་མཐོར་གཏོང་བ་དང་། ལྷག་བསམ་རྣམ་དག་གི་ཞབས་ཞུས་མང་ཚོགས་ཀྱི་ཡིད་ཆེས་བརྩོན་ལེན་བྱེད་དགོས།

ཝང་ལིན་ཅིན་གྱིས་མངག་གཏོང་བྱས་པའི་ལས་བྱེད་པའི་གསོ་སྦྱོང་དོ་དམ་བྱ་བ་དངོས་གནས་ལེགས་པོར་སྒྲུབ་པ་དང་། མངག་གཏོང་ལས་ཁུངས་དང་ལས་ཞུགས་ཤང་གྲོང་སོ་སོ་དང་། རིམ་པ་སོ་སོའི་རྩ་འཛུགས་དང་མི་དོན་སྡེ་ཁག་གིས་བོད་ཁུལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བརྟན་སྲུང་ལ་སྐུལ་འདེད་བྱེད་པར་གཞིགས་ཏེ། འགན་འཁྲི་ལས་བགོ་གསལ་བོ་བྱེད་པ་དང་གསོ་སྦྱོང་དོ་དམ་ལ་ཤུགས་བསྣན་ནས་ཁ་གཏད་རོགས་སྐྱོར་བྱ་བར་དངོས་ཕན་ལེན་པ་དང་མངག་གཏོང་ལས་བྱེད་པར་སྦྱོང་བརྡར་ཐོབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག