མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་ལས་བྱེད་པ1302བོད་ཁུལ་ཤང་གྲོང་གི་བྱ་བར་རོགས་སྐྱོར་བྱེད་པར་མངག་གཏོང་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-28 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཐག་གཅོད་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་བོད་ཁུལ་གྱི་གཞི་རིམ་རྩ་འཛུགས་སྲིད་དབང་འཛུགས་སྐྲུན་དང་བོད་ཁུལ་ཤང་གྲོང་གི་གཞི་རིམ་ནུས་པར་ཤུགས་སྣོན་པ། བོད་ཁུལ་ཤང་གྲོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བའི་ལམ་ལུགས་འཚོལ་ཞིབ་བྱེད་ཆེད། ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱ་འགུལ་ལ་གཞིགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ལས་བྱེད་པ1302ཞིང་ཆེན་ཡོངས་ཀྱི་བོད་ཁུལ་ཤང་གྲོང་གི་བྱ་བར་རོགས་སྐྱོར་བྱེད་པར་མངག་གཏོང་བྱས།

སྤྱི་ཟླ9བའི་ཚེས27ཉིན། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་མངག་གཏོང་ལས་བྱེད་པ་སྡེ་བ་ནས་བཅའ་སྡོད་བྱེད་པའི་སྐུལ་སློང་གསོ་སྦྱོང་ཚོགས་འདུ་ཟི་ལིང་ནས་བསྡུས། ཚོགས་འདུས་དུས་ཡུན་ཉིན་གསུམ་རིང་ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་མངག་གཏོང་ལས་བྱེད་པ་ཡོངས་ལ་སྐོར་བགོས་ནས་གཅིག་བསྡུའི་གསོ་སྦྱོང་བྱེད་རྒྱུ་ཡིན་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མགོ་ཁྲིད་དང་ཆེད་མཁས་པ་གདན་ཞུ་བྱས་ཏེ་གཞི་རིམ་དང་མང་ཚོགས་ཀྱི་བྱ་བའི་བྱེད་ཐབས་དང་མི་རིགས་ཆོས་ལུགས་བྱ་བ། བརྟན་སྲུང་བྱ་བ་བཅས་ཀྱི་ཆེད་དོན་འཆད་ཁྲིད་བྱེད་རྒྱུ་རེད། མངག་གཏོང་ལས་བྱེད་པ་ཡོངས་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རྗེས་སུ་གཞི་རིམ་གྱི་ལས་རྐང་དུ་ཞུགས་པར་རྩ་འཛུགས་བྱེད་རྒྱུ་རེད།

ཐེངས་འདིའི་ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་སོ་སོའི་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས། མཚོ་སྔོན་ནས་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་ལས་ཁུངས་སྐོར་ཞིག་ནས་མངག་གཏོང་བྱས་པའི་ལས་བྱེད་པ1302དག་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་ཤང་གྲོང217དུ་རོགས་སྐྱོར་བྱ་བ་སྒྲུབ་རྒྱུ་ཡིན་པ་དང་། ཤང་གྲོང་རེར་ལས་བྱེད་པ6རེ་མངག་གཏོང་བྱས་ཡོད། དེའི་ནང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཤང་གྲོང་རེར་ལས་བྱེད་པ2རེ་མངག་གཏོང་བྱས་ཡོད་ལ་བསྡོམས་པས་ལས་བྱེད་པ434མངག་གཏོང་བྱས་ཡོད། ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་ཁོངས་གཏོགས་ཀྱི་ཤང་གྲོང་སོ་སོར་ལས་བྱེད་པ2རེ་མངག་གཏོང་བྱས་ཤིང་བསྡོམས་པས་ལས་བྱེད་པ434མངག་གཏོང་བྱས་ཡོད། རྫོང་ཐད་གཏོགས་ལས་ཁུངས་ཀྱིས་རྫོང་ཁོངས་ཀྱི་ཤང་གྲོང་རེར་ལས་བྱེད་པ2མངག་གཏོང་དང་བསྡོམས་པས་ལས་བྱེད་པ434མངག་གཏོང་བྱས་ཡོད། ཟི་ལིང་དང་མཚོ་ཤར། མཚོ་ནུབ་ཀྱིས་གྲོང་ཁྱེར་དང་རྫོང་གི་ལས་ཁུངས་སོ་སོ་ནས་ཁོངས་གཏོགས་ཀྱི་བོད་རིགས་ཤང་གྲོང་ལ་ལས་བྱེད་པ3ནས6མངག་གཏོང་བྱས་ཏེ་བྱ་བར་རོགས་སྐྱོར་བྱེད་རྒྱུ་རེད།

ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ལས་ཁུངས་སོ་སོས་ལས་བྱེད་པ་མངག་གཏོང་བྱེད་པ་བརྒྱུད་ཁ་གཏད་ཤང་གྲོང་གིས་གཞི་རིམ་རྩ་འཛུགས་སྲིད་དབང་འཛུགས་སྐྲུན་ལ་སྐུལ་འདེད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ལ་སྲུང་སྐྱོང་སོགས་བྱ་བར་རོགས་སྐྱོར་བྱེད་རྒྱུ་རེད། མངག་གཏོང་ལས་བྱེད་པས་ཤང་གྲོང་གི་ཏང་ཨུ་དང་སྲིད་གཞུང་གི་གཅིག་གྱུར་མགོ་ཁྲིད་འོག བྱ་བའི་བཀོད་སྒྲིག་ལ་གཞིགས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ཐག་གཅོད། བརྟན་བརླིང་སྲུང་སྐྱོང་སོགས་ཀྱི་བྱ་བ་སྣ་ཚོགས་ལ་ཞུགས་དགོས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག