མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྩེ་ཁོག་རྫོང་ཁྲིམས་ཁང་གི་ཆེད་ཞུས་བར་འདུམ་པའི་ནུས་བ་འབུར་ཐོན་ཡིན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-28 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་མི་དམངས་ཁྲིམས་ཁང་གིས་ས་གནས་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། རྫོང་ཁྲིམས་འཛིན་ཅུའུ་ཡི་རྟོག་ཞིབ་དང་ཞིབ་དཔྱད་ལ་མཉམ་འབྲེལ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་བར་འདུམ་བྱ་བར་བྱང་བ་དང་། མང་ཚོགས་ཀྱི་བྱ་བ་སྒྲུབ་པར་མཁས་པར་མ་ཟད་རིག་གནས་རྨང་གཞི་ངེས་ཅན་ལྡན་པའི་ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ་གསུམ་ཆེད་ཞུས་བར་འདུམ་པར་བདམས་ནས་མི་དམངས་ཁྲིམས་ཁང་གི་ཞུ་གཏུག་བར་འདུམ་ཁྲོད་ཞུགས་སུ་བཅུག་པར་མ་ཟད། ཆེད་ཞུས་བར་འདུམ་པའི་བྱ་བའི་ལམ་ལུགས་དང་འོས་འཚམ་གྱི་བྱ་སྒྲུབ་ཚད་གཞི་བཟོས།

ཆེད་ཞུས་བར་འདུམ་པའི་བྱ་བ་སྤེལ་བའི་ཚུན་ནས། བཟའ་ཚང་འཐོར་བའི་གྱོད་གཞི་ལྔར་བསྟུད་མར་བར་འདུམ་བྱས་ནས། བཅའ་ཁྲིམས་ཀྱི་གྲུབ་འབྲས་དང་སྤྱི་ཚོགས་ཀྱི་གྲུབ་འབྲས་བཟང་བོ་བླངས། ཆེད་ཞུས་བར་འདུམ་པའི་བྱ་བའི་ལམ་ལུགས་ལག་བསྟར་བྱས་པ་ནི། རྩེ་ཁོག་རྫོང་ཁྲིམས་ཁང་གི་འབྲོག་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཞུ་གཏུག་དང་ཞུ་གཏུག་མིན་པ་གཉིས་ཕན་ཚུན་སྦྲེལ་མཐུད་ཀྱི་འགལ་ཟླ་དང་རྩོད་གཞི་ཐག་གཅོད་ཀྱི་ནང་རྐྱེན་བཙུགས་པ་དང་། སྤྱི་ཚོགས་ནུས་ཤུགས་བར་འདུམ་བྱ་བའི་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པའི་ཕན་ཡོད་ཀྱི་ཚོད་ལྟ་ཞིག་རེད། ཆེད་ཞུས་བར་འདུམ་པའི་བྱ་བ་སྤེལ་བ་དེས། ཁྲིམས་འཛིན་གྱི་ཐོན་ཁུངས་གྲོན་ཆུང་དང་། ཁྲིམས་ཁང་གི་འདྲི་གཅོད་བྱ་བའི་གནོན་ཤུགས་ཇེ་ཆུང་། སྤྱི་ཚོགས་ཀྱི་ནུས་ཤུགས་མཉམ་བསྲེས་བཅས་བྱས་པར་མ་ཟད། ཞུ་གཏུག་པའི་འགན་ཁུར་ཇེ་ཡང་དུ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག