མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཱ་ཧྲོན་ཆིན་གྱིས་པའོ་ཧྲན་རྣོ་ལྕགས་སྡེ་ཚོགས་ཀྱི་ཏང་ཨུའི་ཧྲུའུ་ཅི་ལིག་གོ་ཧྲིན་སོགས་ལ་ཐུག་འཕྲད་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-27 10:56

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་གྱིས་ཚེས24ཉིན་པའོ་ཧྲན་རྣོ་ལྕགས་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་གཞོན་པ་ལིག་གོ་ཧྲིན་སོགས་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀས་པའོ་ཧྲན་རྣོ་ལྕགས་སྡེ་ཚོགས་ཀྱིས་མཚོ་སྔོན་ལ་རོགས་རམ་བྱེད་པའི་བྱ་བའི་ཐད་ནས་གྲོས་མོལ་བྱས།

གྲོས་མོལ་བྱེད་སྐབས། ལིག་གོ་ཧྲིན་གྱིས་པའོ་ཧྲན་རྣོ་ལྕགས་སྡེ་ཚོགས་ཀྱིས་ཉེ་བའི་ལོ་འགའི་རིང་བོད་ལྗོངས་དང་ཡུན་ནན་སོགས་ཞིང་ལྗོངས་ལ་རོགས་རམ་བྱས་པའི་བྱ་བའི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས། ཁོས་བཤད་རྒྱུར། མཚོ་སྔོན་ལ་རོགས་རམ་བྱེད་པའི་བྱ་བ་ནི་ཀྲུང་དབྱང་གིས་པའོ་ཧྲན་རྣོ་ལྕགས་ཀུང་ཟི་ལ་སྤྲད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ཐེངས་འདིར་མཚོ་སྔོན་དུ་ཡོང་དོན་གཙོ་བོ་ནི་ཁ་གཏད་རོགས་སྐྱོར་ས་ཁུལ་ཏེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གི་འབྲེལ་ཡོད་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་ནས། རྗེས་ཕྱོགས་ཀྱི་མཚོ་སྔོན་ལ་རོགས་རམ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པར་རྨང་གཞི་འདིང་རྒྱུ་དེ་ཡིན་ཟེར།

མཱ་ཧྲོན་ཆིན་གྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལིག་གོ་ཧྲིན་སོགས་མཚོ་སྔོན་ལ་རྟོག་ཞིབ་བྱེད་དུ་ཡོང་བར་དགའ་བསུ་ཞུས་པ་དང་། པའོ་ཧྲན་རྣོ་ལྕགས་ཀུང་ཟིས་ནན་ཏན་གྱིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་ལས་འགན་སྒྲུབ་པར་བཀའ་དྲིན་ཞུས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་མཚོ་སྔོན་གྱི་ཁ་གཏད་རོགས་སྐྱོར་བྱ་བའི་གཞི་རྩའི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས། ཁོས་བཤད་རྒྱུར། ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་བའི་ཚུན་ནས། རྒྱ་ཆེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཚོས་མཐོ་སྒང་གི་དབྱང་དབུགས་དཀོན་པ་དང་། བྱ་བ་དང་འཚོ་བའི་ཆ་རྐྱེན་ཞན་པ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་དུ་བསལ་ཏེ། རོགས་སྐྱོར་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་ནུས་བ་གལ་ཆེན་བཏོན་པས། གནས་འདིའི་ལས་བྱེད་མང་ཚོགས་བར་དུ་མཛའ་བརྩེ་ཟབ་མོ་ཆགས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག