མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་སོགས་མཚོ་ནུབ་ཁུལ་གྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་སོང་ནས་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-27 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཀོང་རོང་སོགས་ཚེས24ཉིན་མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ཡུས་ཀྲང་དང་མཚོ་ནུབ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཅིན་ཧེ་ཉིན། མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་མན་ཀྲི་ཧྥང་སོགས་མགོ་ཁྲིད་ཀྱི་འགྲོ་རོགས་འོག མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་སོང་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་ནས། མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཉེན་རྟོག་ལས་བྱེད་པའི་འདྲི་གཅོད་བྱེད་སྒོ། ཁྲིམས་ཁང་གི་རིག་གནས་འཛུགས་སྐྲུན་སོགས་ཐད་ཀྱི་བྱ་བར་རྟོག་ཞིབ་བྱས།

ཧྲུའུ་ཅི་ཀྲང་ཀོང་རོང་གིས་གཞི་རིམ་གྱི་སྲིད་ཁྲིམས་བྱ་བར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་སྔ་གཞུག་ཏུ་མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་གྱོད་སྒྲུབ་ཚོམས་ཁང་དང་དཔེ་གློག་ཁང་སོགས་སུ་སོང་ནས་ཁོ་ཚོའི་བྱ་བ་དང་སློབ་སྦྱོང་། འཚོ་བ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཁྲིམས་དཔོན་དང་ལས་བྱེད་མི་སྣ་གཞན་པར་མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་བྱ་བའི་འཁོར་སྐྱོད་གནས་ཚུལ་ཞིབ་ཏུ་དྲིས་ནས། དཔུང་སྡེ་འཛུགས་སྐྲུན་དང་ཁྲིམས་ཁང་གི་རིག་གནས་འཛུགས་སྐྲུན་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག