མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཞིང་བ་ཀྲང་ཀུའེ་ལན་ལ་སྐབས་བཞི་བའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་སྟོན་པའི་མཚན་སྙན་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-27 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས26ཉིན་གྱི་དགོང་མོར་པེ་ཅིན་དུ་བསྡུས་པའི་སྐབས་བཞི་བའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་སྟོན་པར་བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧེ་རིགས་རང་སྐྱོང་རྫོང་ཞི་ཐན་ཤང་པའོ་ཅི་ཝན་སྡེ་བ་ཏ་ཡོན་ཧྲན་རུ་ཁག་གི་ཞིང་བ་ཀྲང་ཀུའེ་ལན་ལ་སྐབས་བཞི་བའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་སྟོན་པའི་མཚན་སྙན(རྒན་བཀུར་གཉེན་གཅེས)ཐོབ་ལ། ཧྲའོ་ཞིག་ཅིན་དང་ཀྲའོ་ཐིན། ཧན་ཝིན་ལིན། ཨོ་རྒྱན། ཐའོ་ཨུན་ཏིག ཀྲིན་ཡུང་ཅན། ཡུས་ཅིན་ཧུའུ། ཀུ་ཅིན། ཏུའུ་ཧྲི་ཧེ་བཅས་ལ་སྐབས་བཞི་བའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་སྟོན་པའི་མིང་འདོན་བྱ་དགའ་ཐོབ།

བྱ་དགའ་སྟེར་བའི་མཛད་སྒོའི་སྔོན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དང་། ཞིང་ཆེན་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཅི་ཏེ་མ་ཅ་ཆེད་དུ་པེ་ཅིན་དུ་སོང་ནས་ཀྲང་ཀུའེ་ལན་སོགས་ལ་འཚམ་འདྲི་བྱས་པ་མ་ཟད། ཁོ་ཚོར་མཚན་སྙན་ཐོབ་པར་རྟེན་འབྲེལ་ཞུས།

ད་ལོར་ལོ41ལ་སོན་པའི་ཀྲང་ཀུའེ་ལན་གྱི་བཟའ་ཟླར་ཕོ་བའི་ནད་བྱུང་ཡོད་པ་དང་། མོའི་ཨ་ནེ་ནི་ལོ་ན་མཐོ་ལ། ཨ་ཁུ་དང་ཨ་ཞང་གཉིས་ཀྱང་ཚད་མི་འདྲ་བའི་དབང་བོ་སྐྱོན་ཅན་དུ་གྱུར་ཡོད་ལ། ཀྲང་ཀུའེ་ལན་གྱིས་ལོ་ངོ17ལ་ཁྱིམ་ཚང་འདིའི་དཀའ་ངལ་ཡོད་ཚད་ཕྲག་ཏུ་བླངས་ནས་བརྩེ་སེམས་ཕུལ་བས། ཁྱིམ་ཚང་འཆམ་མཐུན་དུ་གྱུར་ཞིང་ཨ་ཁུ་དང་ཨ་ཞང་གཉིས་ཀྱི་དབང་སྐྱོན་ཡང་ཇེ་དགར་སོང་བར་བརྟེན་ཡུལ་མི་ཚོའི་གཟེངས་བསྟོད་བྱེད་ཡུལ་དུ་གྱུར་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག