མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་ཆེད་དོན་འདྲི་རྩད་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-09-27 10:51

སྤྱི་ཟླ9བའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པའི་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་གནས་ཚུལ་གྱི་སྐོར་ལ་ཞིང་ཆེན་སློབ་གསོ་ཐིན་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣས་ཆེད་དོན་འདྲི་རྩད་བྱས།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས26ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པའི་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་གནས་ཚུལ་གྱི་སྐོར་ལ་ཞིང་ཆེན་སློབ་གསོ་ཐིན་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣས་ཆེད་དོན་འདྲི་རྩད་བྱས།

    ཞིང་ཆེན་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན། ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཝིན་ཧུའུ། མ་ཝེ། ཚའོ་ཧུང་། དྲུང་ཡིག་ཆེན་མོ་ཚའེ་ཏིག་ཀུའེ་བཅས་ཚོགས་འདུར་ཞུགས། གྲོས་ཚོགས་ལ་སྟག་འབུམ་ཐར་གྱིས་མགོ་འཛིན་བྱས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཏུང་ཁའེ་ཅོན་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་དཔོན་ཝང་ཞའོ་ཡུང་གྲོས་ཚོགས་སུ་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན་དང་ཞིང་ཆེན་སྲིད་གཞུང་གི་ལས་ཁུངས10ཡི་འབྲེལ་ཡོད་འགན་འཁུར་མི་སྣ་གྲོས་ཚོགས་སུ་ཞུགས་ནས་བསམ་འཆར་ལ་ཉན་པ་དང་འདྲི་རྩད་བྱས།

    ཆེད་དོན་འདྲི་རྩད་དེ་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གྲོས་ཞིབ་བྱས་པའི་ཕལ་ཆེར་གཉིས་ཀྱི་བརྟན་བརླིང་གི་བྱ་བའི་གནས་ཚུལ་སྙན་ཞུ་ལ་གཞིགས་ཏེ་སྤེལ་བ་དང་། དམངས་འཐུས་རྒྱུན་ཨུ་ལྷན་ཚོགས་ཀྱི་ཨུ་ཡོན12ཀྱིས་མཚོ་སྔོན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ཁྲོད་དོ་སྣང་བྱེད་པའི་འབུར་ཐོན་གནད་དོན་སྐོར་ནས་དྲི་བ་བཏོན།

    འདྲི་རྩད་ནང་དོན་ལ་གྲོང་རྡལ་དགེ་རྒན་སྒྲིག་གཞི་ལས་བརྒལ་བ་དང་རི་ཁུལ་དང་འབྲོག་ཁུལ་གྱི་ཆེད་ལས་དགེ་རྒན་མི་འདང་བ། བཅའ་སྡོད་ལམ་ལུགས་སློབ་གྲྭའི་སློབ་མའི་དོ་དམ་ལས་འགན་ལྕི་བ། ཅི་ལྟར་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གདན་ཞུ་ལམ་ལུགས་འཐུས་ཚང་དུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བ། ཧུར་བརྩོན་གྱིས་སྤུས་ཚད་སློབ་གསོར་སྐུལ་འདེད་གཏོང་བ། ཅི་ལྟར་དགེ་རྒན་གསོ་སྦྱོང་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་སོགས་ཀྱི་གནད་དོན་འདུས་ཡོད་ལ། ད་རུང་དཔའ་ལུང་རྫོང་གི་དམིགས་བསལ་ལས་རྐང་གི་དགེ་རྒན་སྒྲིག་གཞི་དང་ཟླ་ཕོགས་ཅི་ལྟར་ཐག་གཅོད་པ་སོགས་དམིགས་གཏད་རང་བཞིན་གྱི་གནད་དོན་ཐད་ནས་འདྲི་རྩད་བྱས།

    དྲི་ལན་འདེབས་མཁན་སྡེ་ཁག་གིས་ནན་ཏན་གྱིས་དྲི་བར་ལན་བཏབ་པ་དང་། གནད་དོན་སྣ་ཚོགས་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། བྱ་བའི་ཁྲོད་གནས་པའི་མི་འདང་ས་སྦ་གསང་མེད་པར་བཤད་ལ། གནད་དོན་དེ་དག་ཐག་གཅོད་པའི་ཐབས་བཀོད་དང་བྱེད་ཐབས་བཏོན་པས་གྲོས་འདྲི་ལ་ལན་གསལ་བོ་བཏབ་པ་དང་གྲོས་ཚོགས་ལ་ཕན་འབྲས་ལེགས་པོ་བླངས། །

ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན་གྱིས་གཏམ་བཤད་བཞིན་པ།

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག