མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞོན་ཧྭ་རྫོང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་རྫོང་འཛུགས་པའི་རིག་རྩལ་འཁྲབ་སྟོན་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-26 11:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་གྱི་བསམ་བློའི་རྨང་གཞི་བརྟན་པོར་འཛུགས་པ་དང་། རིག་གནས་གཡུལ་སའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་རྫོང་འཛུགས་པའི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཆེད། སྤྱི་ཟླ9བའི་ཚེས9ཉིན་ནས་ཚེས24ཉིན་བར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་རིག་གནས་དཔལ་ཡོན་གཞུང་སྒྲུབ་ཁང་གིས་སྒྲུབ་འགན་འཁུར་ནས། མཚོ་སྔོན་ཞིང་ཆེན་གྱི་སྐབས་གསུམ་པའི་སྤྲོ་སྐྱིད་གྲོང་ཚོའི་སྐོར་བསྐྱོད་འཁྲབ་སྟོན་ཚོགས་པ་ཆེད་དུ་གདན་ཞུ་བྱས་ནས་སོ་སོར་ཞོན་ཧྭ་རྫོང་མཁར་གྱི་ཤར་སྒོའི་རིག་གནས་ཐང་ཆེན་དང་བིས་མདོ་ཞང་བིས་མདོ་ལྟེ་གནས་སློབ་གྲྭ་བཅས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་རྫོང་འཛུགས་པའི་ཆེད་དོན་རིག་རྩལ་འཁྲབ་སྟོན་བྱས་ནས། ས་གནས་ཀྱི་རོང་འབྲོག་མང་ཚོགས་དང་སློབ་གྲྭའི་དགེ་སློབ་རྣམས་ལ་སྤྲོ་སྐྱིད་ཀྱི་གྲོང་ཚོ་བརྗོད་བྱར་བྱས་པའི་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་རྫོང་གསར་འཛུགས་བྱེད་པའི་རྣམ་པ་བཟང་བོ་བསྐྲུན།

འཁྲབ་སྟོན་བྱ་འགུལ་དེས་སྔོན་ཐོན་རིག་གནས་དང་སྤྲོ་སྐྱིད་ཞིང་སྡེ་དང་འབྲོག་ཁུལ་དུ་བརྒྱུད་སྒྲོག་བྱེད་པའི་བརྗོད་དོན་དང་དམ་དུ་སྦྲེལ་བ་དང་། མང་ཚོགས་ཀྱི་བལྟ་འདོད་པ་དང་ཉན་སྤྲོ་བ། བརྗོད་དོན་འབུར་ཐོན་ཡིན་པ། བདེ་ཐང་ཡར་རྒྱས་ཀྱི་མི་རིགས་གླུ་གར་དང་གཞས་མ་གཏམ་སོགས་ཀྱི་རིག་རྩལ་བརྩམས་ཆོས་བརྒྱུད་ནས། མཚོ་སྔོན་ཞིང་ཆེན་གྱིས་ལོ་འདི་འགའི་རིང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་སྣ་ཚོགས་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་དཔའ་ངར་ཆེར་བསྐྱེད་དང་དྲིན་ཤེས་མདུན་བསྐྱོད་ཀྱི་སྙིང་སྟོབས་གསལ་བོར་མངོན་པར་མ་ཟད། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཚུན་ནས་ཏང་གི་དམངས་ཕྱུག་སྲིད་ཇུས་ལས་བྱུང་བའི་འགྱུར་ལྡོག་ཆེན་པོར་བསྔགས་བརྗོད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག