མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ལས་བྱེད་པ་རྒན་པ་རྩ་འཛུགས་བྱས་ནས་ཡུལ་ཤུལ་ཁུལ་དུ་ལྟ་སྐོར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-09-26 10:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་རྒན་པ་རྣམས་ཀྱིས་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་དངོས་སུ་མྱོང་དུ་འཇུག་ཆེད། སྤྱི་ཟླ9བའི་ཚེས17ཉིན། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་ཀྲའོ་ཆི་ཀྲུང་དང་མཱ་ཅིན་ཞའོ། ཝང་ཞའོ་ཡུས། རིན་ཀྲིན་ཡུས། ལིག་ཀོང་ཧི། ཕུའུ་བུན་ཁྲིན། ཁྲིན་རོས་ཀྲིན། ཧན་ཡུས་ཀོས་བཅས་བློ་མཐུན་རྒན་པ་རྩ་འཛུགས་བྱས་ནས་ཡུལ་ཤུལ་དུ་ལྟ་སྐོར་རྟོག་ཞིབ་བྱས།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་དང་མཉམ་དུ་རྟོག་ཞིབ་ཚན་ཆུང་གིས་སྔ་གཞུག་ཏུ་ཡུལ་ཤུལ་རྫོང་མི་རིགས་སློབ་འབྲིང་དང་པོ་དང་། ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་། གེ་སར་ཐང་ཆེན་སོགས་ལ་ཡུལ་དངོས་སུ་ལྟ་སྐོར་བྱས། ས་གང་དུ་ཐོན་ཚེ་ཚང་མས་ལས་གཞི་འཛུགས་སྐྲུན་གྱི་གནས་ཚུལ་མཚམས་སྦྱོར་བྱས་པར་ཉན་པ་དང་། བསྐྱར་འཛུགས་བྱ་བའི་བརྒྱུད་རིམ་གྱི་གནས་ཚུལ་ཞིབ་མོར་དྲིས་ཏེ། ཡུལ་ཤུལ་གནོད་འཚེའི་རྗེས་ཀྱི་འགྱུར་ལྡོག་ཆེན་པོ་དངོས་སུ་མྱོང་།

ཚང་མས་བལྟས་ན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧ་ཅང་མཐོང་ཆེན་དང་སྙིང་ཉེ་བའི་ཐུགས་ཁུར་འོག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག ལོ་གསུམ་རིང་གི་ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། དེ་ལས་ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་དང་མཚོ་སྔོན་གྱིས་དཀའ་ཁག་ལ་མི་འཛེམས་པར་མཛེས་སྡུག་གི་འཚོ་བ་འཛུགས་སྐྲུན་བྱེད་པའི་སྙིང་སྟོབས་ཆེན་པོ་ངོམ་ཡོད་ལ། ཡུལ་ཤུལ་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ཕུན་སུམ་ཚོགས་པའི་ངང་མཇུག་བསྡུ་རྒྱུ་དང་། ཡུལ་ཤུལ་གྱི་མ་འོང་བ་སྔར་ལས་བཟང་བར་ང་ཚོར་ཡིད་ཆེས་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག